བདེ་སྐྱིད་ཀྱིས་བསྒྱུར། 2024-01-15
སྤྱི་ཟླ་དང་པོའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གཙོ་དོན་སློབ་གསོའི་སྣེ་ཁྲིད་དག་ཐེར་བཅོས་སྐྱོང་གནད་དོན་ཞིབ་འཇུག་བྱེད་པའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། གཙོ་དོན་སློབ་གསོ་སྣེ་ཁྲིད་གནད་དོན་དག་ཐེར་བཅོས་སྐྱོང་བྱས་ཚུལ་གྱི་སྙན་ཞུར་ཉན་འཇོག་དང་། ཕྱིན་ཆད་ལས་ཀར་བཀོད་སྒྲིག་བྱས་པ་རེད།
ཧྥུང་ཧྥ་ཀུའེ་ཡིས་གཙོ་དོན་སློབ་གསོ་སྤེལ་བ་ནས་བཟུང་།ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་གཙོ་དོན་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། དགོངས་པ་སློབ་སྦྱོང་བྱེད།ཏང་གཤིས་ནན་དུ་སྐྱོང་། ལག་ལེན་གཙིགས་སུ་འཛིན། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམ་པོ་དམིགས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག། འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དག་བཅོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་སོགས་ཀྱི་ལས་དོན་ཁག་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་དོན་ཐོག་ཏུ་འཁྱོལ་བར་ཕན་འབྲས་ཐོན་པ་བྱས་ཡོད། ལྷག་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་དག་ཐེར་བཅོས་སྒྲིག་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་གནད་དོན་ཚང་མ་བཅོས་སྐྱོང་བྱས་ཏེ་ལེགས་སྒྲུབ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། དག་ཐེར་བཅོས་སྐྱོང་གི་ཕན་འབྲས་ལ་བརྟེན་ནས་གཙོ་དོན་སློབ་གསོ་མཐར་ཕྱིན་དང་དོན་ཐོག་ཏུ་འཁྱོལ་བར་བསྐུལ་དགོས་ཞེས་ནན་གསུངས་གནང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10