ཧྲུའུ་ཏ་ཁྲུན་གྱིས་རྟའུ་རྫོང་དུ་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2024-01-15

   ཉེ་ཆར། ཁུལ་དམངས་ཆེན་འཐུས་ཚོགས་ཀྱི་ཀྲུའུ་རེན། རྟའུ་རྫོང་གི་ཁུལ་རིམ་པའི་འབྲེལ་གཏུག་མགོ་ཁྲིད་ཧྲུའུ་ཏ་ཁྲུན་གྱིས་རྫོང་དེའི་ཡུལ་ཤོག་དང་དགོན་སྡེ་ཁག་གཅིག་ཏུ་སོང་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སྒྲོག་འགྲེལ་བྱས་ཏེ།ཉེན་མེད་ཐོན་སྐྱེད་དང་གནོད་འགོག་གནོད་སེལ། ནགས་ཚལ་དང་རྩྭ་ཐང་མེ་ཟོན། སྤྱི་ཚོགས་འཆམ་མཐུན་བརྟན་རླིང་སོགས་ཀྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་མཐུན་འབྲེལ་ཁྱིམ་ཚང་དང་གཞི་རིམ་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱས་པ། ཆུ་དང་ས་ཞིང་དུ་སྐོར་ཞིབ་ལས་དོན་སྤེལ་ནས་གཤིས་ཆུ་གྲོང་རྡལ་སྔོན་ཉག་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལས་གཞིར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་རེད།། 

  • ལེ་ཚན་སྔོན་མ།:ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།
  • ལེ་ཚན་རྗེས་མ།:གཙོ་དོན་སློབ་གསོ་མཐར་ཕྱིན་དང་དོན་ཐོག་ཏུ་འཁྱོལ་བར་བསྐུལ་དགོས་ཞེས་ནན་གསུང་གནང་།
  • དོ་སྣང་ཆེ་བའི་རྩོམ།