ལྷ་འཛོམས་ཀྱིས་བསྒྱུར། 2024-01-15
སྤྱི་ཟླ་དང་པོའི་ཚེས9ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་ཁུལ་གྱིས་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གནང་བ་དེ་ང་ཚོའི་ཏང་གིས་བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་རབས་ཚོས་བཏོད་པའི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏང་རྒྱུར་མཛུབ་ཁྲིད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་རྒྱུན་འཁྱོངས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱི་དོན་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་རབ་དང་རིམ་པར་ཕྱོགས་བསྡོམས་བྱས་ཏེ་ང་ཚོས་ཕྱི་ཕྱོགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་པ་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་མི་ལས་བྱེད་པས་བློ་མཐུན་མའོ་ཙེ་ཏུང་གི་མཛད་རྗེས་རླབས་པོ་ཆེ་དང་བླ་ན་མེད་པའི་ཉམས་འགྱུར་ནམ་ཡང་བློ་ལ་བརྟན་པོ་ངེས་དགོས་པ་དང་ །བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་རབས་ཚོའི་ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེ་ནམ་ཡང་བློ་ལ་བརྟན་པོ་ངེས་དགོས་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་ལ་ཟུག་པ་བྱེད་པ།“གཏན་འཁེལ་གཉིས”བརྩི་སྲུང་དང་།“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་དོན་དུ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་པ། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཐུབ་པའི་འགན་ལེན་བྱ་དགོས།
ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་སྙིང་དོན་དང་སི་ཁྲོན་ཞིང་ཆེན་གྱི་གཉིས་བཀུར་དཔེ་བཟང་གི་མིང་བཏགས་གཟེངས་བསྟོད་དང་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)སྐྲུན་པའི་སྐུལ་སློང་ཚོགས་ཆེན་གྱི་སྙིང་དོན། ཞིང་ཆེན་ཡོངས་ཀྱི་སྒྲིག་གཞི་བཅོས་བསྒྱུར་ལས་དོན་སྐུལ་སྤེལ་ཚོགས་འདུའི་སྙིང་དོན་སོགས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་སྤྱི་ཟླ་དང་པོའི་ཚེས4ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་ཁུལ་སྲིད་གཞུང་གི་ཏང་ཙུའུ། ཁུལ་སྲིད་གྲོས་ཏང་ཙུའུ། ཁུལ་ཁྲིམས་ཁང་ཏང་ཙུའུ། ཁུལ་ཞིབ་དཔྱོད་ཁང་ཏང་ཙུའུ་བཅས་ཀྱི2023ལོའི་ལས་དོན་སྙན་ཞུ་གསན་འཇོག་བྱས་པ་རེད།
ཚོགས་འདུའི་ཐོག《དཀར་མཛེས་ཁུལ་གྱི་སྐྱེ་ལྡན་ལྷད་མེད་ཐོན་ལས་འཕེལ་རྒྱས་འཆར་འགོད(2023ལོ་ནས2030ལོ་བར)》དང《དཀར་མཛེས་ཁུལ་གྱི་རྒུན་འབྲུམ་ཨ་རག་ཐོན་ལས་འཕེལ་རྒྱས་འཆར་འགོད(2023ལོ་ནས2030ལོ་བར)》སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་པ་དང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10