ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས3པ་འགོ་ཚུགས།

སྐལ་བཟང་རྒྱ་མཚོ་དང་སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།        2024-01-30

ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་འཚོག་འགོ་ཚུགས།

ཧྲེན་དབྱང་གྲོས་ཚོགས་སུ་ཞུགས། ཧྥུང་ཧྥ་ཀུའེ་ཡིས་སྲིད་གཞུང་ལས་དོན་སྙན་སེང་ཞུས།

ཧྲུའུ་ཏ་ཁྲུན་གྱིས་གཙོ་སྐྱོང་གནང་།  ལེ་ཅན་ཕིང་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས།


ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས3པ་འགོ་ཚུགས།


    སྤྱི་ཟླ་དང་པོའི་ཚེས29ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོག་འགོ་ཚུགས་པ་རེད། དཀར་མཛེས་ཁུལ་མི་དམངས་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་མངའ་བཅོལ་ཟབ་མོ་ཕྲག་ཏུ་ཁུར་བའི་ཁུལ་ཡོངས་ཀྱི་འཐབ་ཕྱོགས་ཁག་ནས་ཡོང་བའི་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོ་མཉམ་དུ་འཛོམས་ནས། ཆབ་སྲིད་ཀྱི་དགའ་ཞེན་ཆེན་པོས་འགན་ནུས་ཁྲིམས་ལྟར་ལག་ལེན་བསྟར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བྲི་བར་བློ་རིག་དང་སྟོབས་ཤུགས་འབུལ་བ་རེད།

   ཚོགས་ཆེན་དུ་འབྱོར་དགོས་པའི་འཐུས་མི283ཡིན་ཞིང་། འཐུས་མི266དངོས་སུ་འབྱོར་ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།


ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས3པ་འགོ་ཚུགས།

ཧྥུང་ཧྥ་ཀུའེ་ཡིས་ལས་དོན་སྙན་སེང་ཞུ་བཞིན་པ། 


    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་གྱིས་འགོ་ཚུགས་ཚོགས་ཆེན་གཙོ་སྐྱོང་གནང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ལག་བསྟར་ཀྲུའུ་ཞི་ཧྲེན་དབྱང་དང་། ཏེང་ལི་ཅུན། ཀྲང་ཐུང་རུང་། ཡིའུ་ཞང་ཧྥེ། སྐལ་བཟང་གཡུང་དྲུང་། བློ་བཟང་ཆོས་འཕེལ། ཀྲོའུ་པང་ཝུན། ཀྲེན་ཞན་ཧྥུང་། ལིན་ཏུང་ཧྲན། ཚངས་དཀར་ཚུལ་ཁྲིམས། སྐལ་བཟང་འགྱུར་མེད།  ལིའོ་ཧུང་དབྱིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

     ཁུལ་དཔོན་ཧྥུང་ཧྥུ་ཀུའེ་ཡིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་མཛད་དེ་སྲིད་གཞུང་ལས་དོན་སྙན་སེང་ཞུས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་ཚོགས་ཆེན་དུ་ཞུགས་ཤིང་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

       ཕྱི་དྲོའི་ཆུ་ཚོད3ཕྱེད་ལ། ཧྲུའུ་ཏ་ཁྲུན་གྱིས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།


ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས3པ་འགོ་ཚུགས།

 ཧྲུའུ་ཏ་ཁྲུན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བཞིན་པ།


    ཐལ་སྒྲ་སྤྲོ་སེམས་འཕེལ་བའི་ཁྲོད་དུ་ཧྥུང་ཧྥ་ཀུའེ་ཡིས་སྲིད་གཞུང་ལས་དོན་སྙན་སེང་ཞུས་པ་དང་། སྙན་སེང་ཁག་གསུམ་དུ་བགོས་ཡོད་པ་སྟེ། གཅིག། 2023ལོའི་ལས་དོན་ལ་ཕྱི་མིག་བལྟས་པ། གཉིས། 2024ལོའི་དམིགས་འབེན་དང་ལས་འགན་གཙོ་བོ།གསུམ།2024ལོའི་ལས་དོན་བཀོད་སྒྲིག་གི་གྲོས་འགོ།


ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས3པ་འགོ་ཚུགས།


ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས3པ་འགོ་ཚུགས།


ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས3པ་འགོ་ཚུགས།


ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས3པ་འགོ་ཚུགས།

   ཚོགས་རའི་ཟུར་ཞིག།

    གྲོས་ཚོགས་ཀྱི་གྲོས་རིམ་ལྟར། འགོ་ཚུགས་ཚོགས་ཆེན་དུ་ད་དུང་དཀར་མཛེས་ཁུལ2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་ལེན་བསྟར་ཚུལ་དང2024ལོའི་འཆར་གཞིའི་འཆར་ཟིན་གྱི་སྙན་སེང་དང་། དཀར་མཛེས་ཁུལ2023ལོའི་ནོར་སྲིད་སྔོན་རྩིས་ལག་ལེན་བསྟར་ཚུལ་དང2024ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སེང་། དཀར་མཛེས་ཁུལ2023ལོའི་ཁུལ་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་གནས་ཚུལ་གྱི་སྙན་སེང་།  《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི〈དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས《སི་ཁྲོན་ཞིང་ཆེན་ས་ཞིང་དོ་དམ་ལག་ལེན་བྱེད་ཐབས》ཀྱི་བབ་བསྟུན་གཏན་འབེབས་ལག་ལེན་བསྟར་བ〉》རྩིས་མེད་གཏོང་བའི་སྐོར་གྱི་གཏན་འབེབས(འཆར་ཟིན)ཀྱི་གྲོས་གཞིའི་གསལ་བཤད་བཅས་ལ་ཡིག་ཐོག་ནས་ཞིབ་བཤེར་བྱ་རྒྱུ་སྤྲད་པ་རེད།

    འབྲེལ་ཡོད་མི་སྣ་གྲོས་ཚོགས་སུ་ཞུགས་ཡོད།


  • ལེ་ཚན་སྔོན་མ།:ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་ཐབས་ལམ་གསར་པར་བརྟེན་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།