ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།

སྐལ་ཐུབ་དང་རྟ་མགྲིན་རྡོ་རྗེས་བྲིས་ཤིང་པར་བླངས།        2024-01-30

ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོག་འགོ་ཚུགས། 

ཧྲེན་དབྱང་གིས་གསུང་བཤད་གནང་། ཧྥུང་ཧྥ་ཀུའེ་དང་ཧྲུའུ་ཏ་ཁྲུན་སོགས་གྲོས་ཚོགས་སུ་ཞུགས་ནས་རྟེན་འབྲེལ་ཞུ། 

ལེ་ཅན་ཕིང་གིས་ལས་དོན་སྙན་སེང་ཞུ། 

ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།

      སྤྱི་ཟླ་དང་པོའི་ཚེས29ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོག་འགོ་རྩོམ་པ་རེད།

      ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལེ་ཅན་ཕིང་དང་། དབྱང་ཆིང་ཧྭ། རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ། ནན་ཧུང་། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ལིའུ་ཙུང་ཅན། ཚེ་རིང་དབང་མོ། འཆི་མེད། ལུའོ་ལིན། ལིའུ་ཧུང་། ཞེ་ཏ་ཆོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།


ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།

   ཧྲེན་དབྱང་གིས་གསུང་བཤད་གནང་བཞིན་པ།


    ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་བཅས་གྲོས་ཚོགས་སུ་ཕེབས་ནས་རྟེན་འབྲེལ་ཞུས་པ་རེད།

    ཐེངས་འདིའི་གྲོས་ཚོགས་སུ་འབྱོར་དགོས་པའི་ཨུ་ཡོན284ཡིན་ཞིང་། ཨུ་ཡོན258 དངོས་སུ་འབྱོར་ཡོད་པས་གཏན་འབེབས་མི་གྲངས་དང་མཐུན་ཡོད། འགོ་ཚུགས་ཚོགས་ཆེན་དབྱང་ཆིང་ཧྭ་ཡིས་གཙོ་སྐྱོང་གནང་བ་དང་། སྔ་དྲོའི་ཆུ་ཚོད་བཅུ་ཕྱེད་ལ་དབྱང་ཆིང་ཧྭ་ཡིས་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོག་འགོ་རྩོམ་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ལེན་པ་རེད།


ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།

ལེ་ཅན་ཕིང་གིས་ལས་དོན་སྙན་སེང་ཞུ་བཞིན་པ། 


ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།


ལིའུ་ཙུང་ཅན་གྱིས་གྲོས་འཆར་ལས་དོན་བསྒྲུབས་ཚུལ་སྙན་སེང་ཞུ་བཞིན་པ།



ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།

དབྱང་ཆིང་ཧྭ་ཡིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།


     འགོ་ཚུགས་ཚོགས་ཆེན་དུ་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་དང་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ཚུན་གྱི་གྲོས་འཆར་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་ལ་ཉན་འཇོག་བྱས་ཤིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེང་དབྱང་གིས་གསུང་བཤད་གནང་བ་རེད།

    


ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།


ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།

ཨུ་ཡོན་རྣམས་ཚོགས་རར་ཞུགས་བཞིན་པ།



ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།


ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།


ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།


ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།

ཚོགས་རའི་ཟུར་ཞིག།



ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།


ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས།

ཚོགས་ཆེན་གྲོལ་བའི་ཚུལ།


   ལེ་ཅན་ཕིང་གིས་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ལས་དོན་སྙན་སེང་ཞུས་པ་དང་། ལིའུ་ཙུང་ཅན་གྱིས་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ཚུན་གྱི་གྲོས་འཆར་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་ཞུས་པ་རེད།  

    འབྲེལ་ཡོད་མི་སྣ་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས་ཡོད།




  • ལེ་ཚན་སྔོན་མ།:ལེ་ཅན་ཕིང་གིས་གྲོས་འགོ་འདི་ལྟར་བཏོན་འདུག།
  • ལེ་ཚན་རྗེས་མ།:ཁུལ་སྐབས13པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས3པ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།