ཐོལ་བྱུང་།

༼ འཕུར་སྐྱོད། ༽        2024-03-15

གཟུགས་འགྲན་མེད་ཐད་དུ་མངོན་ཙམ་གྱིས།།

ལུས་དོན་ལྔ་ཡོམ་ཡོམ་འདར་ནས་འགྲོ།།

ཞག་གཅིག་གཉིས་ཁ་བརྡ་མ་བྱུང་བས།།

སེམས་དམར་པོ་ཕྱི་ནང་དཀྲུགས་ནས་ཐལ།།

ཕར་དུང་བ་ནམ་མཁའི་འཇའ་ཚོན་ཡལ།།

ཚུར་འཛུམ་པའི་མག་མོག་སྨུག་པ་ཞིག།

ལས་གཅིག་གིས་འུ་གཉིས་འཕྲད་ན་ཡང་།།

མནའ་གཅིག་གིས་འུ་གཉིས་སོ་སོར་འབྱེད།།

གླུ་ཁྱོད་ཀྱིས་བདག་ལ་བླངས་མིན་ཡང་།།

སེམས་རབ་ཏུ་འཁྲུལ་བས་ཡིན་ས་རེད།།

ཚིག་རྐང་གཅིག་རེ་ཡི་མདུན་རོལ་ནས།།

ངའི་རང་ཚུགས་རྣལ་མ་ཤོར་ལ་ཉེ།།

གླུ་རོལ་དབྱངས་བར་ནས་རྣ་ལ་སྙན།།

དབྱངས་བརྩེ་བའི་ཁྲོད་ནས་ཞེ་ལ་ཆགས།།

ལོ་ཟླ་བ་རླུང་ལས་མགྱོགས་ན་ཡང་།།

ནང་རི་མོ་གསར་པ་གསར་རྐྱང་རེད།།

གྲོགས་འདི་དེ་ཟེར་བ་མང་མང་རེད།།

ཤད་ལྕི་མོའི་མཚམས་ནས་བོར་ནས་འགྲོ།།

ལག་དམར་རྗེན་ནང་གི་ཟིན་ཐོ་ལས།།

སེམས་ནང་ལ་འཐད་པ་ཇེ་ཉུང་རེད།།


  • ལེ་ཚན་སྔོན་མ།:སྒོར་མོའི་འཇིག་རྟེན།
  • ལེ་ཚན་རྗེས་མ།:རྒོད་པོ་ཚོ། མདུན་ནས་མདུན་དུ་སྐྱོད་ཅིག།