ཟླ་བ་2པར་CPIལོ་གོང་མའི་དུས་མཚུངས་ལས་0.7%འཕར་བ།

    མི་དམངས་དྲ་བ་ནས་དྲངས།    2024-03-13

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར། ཟླ་བ་2པར་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་བསྡུར་གྲངས(CPI)དུས་མཚུངས་དང་བསྡུར་ན་ཟླ་བ་གོང་མར་0.8%ཆག་པ་ནས་0.7%འཕར་བ་དང་། ཟླ་བསྡུར་གྱི་1.0%འཕར་བ། འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.7ཆེ་རུ་ཕྱིན་ཡོད།
    བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་2པར་བཟའ་བཅའི་རིན་གོང་དུས་མཚུངས་དང་བསྡུར་ན་0.9%ཆག་པ་དང་ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་5.0དམའ་རུ་ཕྱིན་ཡོད། བཟའ་རིགས་ཁྲོད་ནས་ཕག་ཤའི་རིན་གོང་ཟླ་9བསྟུད་མར་ཆག་རྗེས་ཐེངས་དང་པོ་འཕར་ནས་འཕར་ཚད་0.2%ཟིན་པ་དང་། སྔོ་ཚལ་སོས་པ་དང་ཆུ་ཐོན་དངོས་རྫས་ཀྱི་རིན་གོང་ཟླ་བ་གོང་མར་12.7%དང་3.4%སོ་སོར་ཆག་པ་ནས་2.9%དང་4.1%སོ་སོར་འཕར་བ། ཞོག་ཁོག་དང་། སྒོ་ང་། བཟའ་སྣུམ། ཚགས་ཤ་དང་ལུག་ཤ། ཤིང་འབྲས་སོས་པ་བཅས་ཀྱི་རིན་གོང་ཆག་ཚད་4.1%ནས་12.2%བར་ཡིན་པ་རེད།
    ཟླ་2པར་བཟའ་བཅའ་མིན་པའི་རིགས་ཀྱི་རིན་གོང་དུས་མཚུངས་དང་བསྡུར་ན་1.1%འཕར་བ་དང་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.7ཆེ་རུ་ཕྱིན་ཡོད། བཟའ་བཅའ་མིན་པའི་རིགས་ཀྱི་ཞབས་ཞུའི་རིན་གོང་1.9%འཕར་བ་དང་འཕར་ཚད་བརྒྱ་ཆའི་གྲངས་1.4ཆེ་རུ་ཕྱིན་ཞིང་། CPIའཕར་བར་ཤུགས་རྐྱེན་ཐེབས་ཚད་བརྒྱ་ཆའི་གྲངས་0.76ཙམ་ཡིན།


  • ལེ་ཚན་སྔོན་མ།:གོ་ལ་ཧྲིལ་པོར་གྲོས་བསྡུར་འཁྲུག་པོ་བྱེད་པའི་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་འགག་རྩའི་ཐ་སྙད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།