སྡོད་ཁང་ཐད་ཀྱི་ཆ་འཕྲིན་གསར་ཤོས།

    མི་དམངས་དྲ་བ།    2024-02-29

      ཉེ་ཆར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་བརྡ་ཐོ་བཏང་ནས། ས་གནས་ཁག་ལ2024ལོ་དང2025ལོའི་སྡོད་ཁང་འཕེལ་རྒྱས་ཀྱི་ལོ་འཁོར་འཆར་གཞི་ཚན་རིག་དང་མཐུན་པའི་ངང་བཟོ་དགོས་པའི་བླང་བྱ་བཏོན་པ་རེད། ས་གནས་ཁག་གིས་ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་བ་དང་སྒྲིག་འཛུགས་ལག་བསྟར་ནན་ཏན་བྱས་ཏེ། མི་འབོར་འགྱུར་ལྡོག་གཞིར་བཟུང་སྡོད་ཁང་གི་དགོས་མཁོ་གཏན་འཁེལ་བྱེད་པ་དང་། སྡོད་ཁང་གི་དགོས་མཁོར་གཞིགས་ནས་ཚན་རིག་དང་མཐུན་པའི་ངང་ས་ཆ་མཁོ་འདོན་བཀོད་སྒྲིག་བྱེད་པ། དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། མིར་གཞིགས་ནས་སྡོད་ཁང་གཏན་འཁེལ་བྱེད་པ། ཁང་པར་གཞིགས་ནས་ས་ཆ་གཏན་འཁེལ་བྱེད་པ། ཁང་པར་གཞིགས་ནས་དངུལ་གཏན་འཁེལ་བྱེད་པ། ས་ཁང་བདག་ཁོངས་ཁྲོམ་རའི་མཁོ་སྤྲོད་དོ་སྙོམས་དང་གྲུབ་ཆ་ལུགས་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཁྲོམ་རའི་འཕར་ཆག་ཆེན་པོ་མི་ཡོང་བ་བཅས་བྱེད་དགོས། 
     སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས། སྡོད་ཁང་འཕེལ་རྒྱས་ཀྱི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་ནི“མི་དང་ཁང་པ། ས་ཆ། དངུལ་བཅས”ཀྱི་རྒྱུ་རྐྱེན་གཙོ་བོའི་མཉམ་འགུལ་ལམ་སྲོལ་འཛུགས་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། གྲོང་ཁྱེར་ཁག་གིས་ས་གནས་དེ་གའི་དོན་དངོས་གནས་ཚུལ་ལ་གཞིགས་ནས། སྡོད་ཁང་གི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་བརྡར་ཤ་གཅོད་པ་དང་། “འགན་སྲུང་དང་ཁྲོམ་ར”ཡི་སྡོད་ཁང་མཁོ་སྤྲོད་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གིས་གཙོ་བོར་བྱས་ནས་གླ་ཆའི་ཡོང་འབབ་ཚོགས་སྤྱིའི་དགོས་མཁོའི་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོ་འགན་སྲུང་བྱེད་པ། ཁྲོམ་རས་གཙོ་བོར་བྱས་ནས་གྲོང་མིའི་སྣ་མང་ཅན་གྱི་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོ་སྐོང་བ། 2024ལོ་དང་2025ལོའི་སྡོད་ཁང་འཕེལ་རྒྱས་ཀྱི་ལོ་འཁོར་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་དགོས། 
     བླང་བྱ་གཞིར་བཟུང་། སྡོད་ཁང་འཕེལ་རྒྱས་ཀྱི་ལོ་འཁོར་འཆར་གཞིའི་ནང་ལོ་འཁོར་གྱི་རིགས་ཁག་གི་སྡོད་ཁང་དང་ས་ཆ་མཁོ་འདོན་གྱི་གཞི་ཁྱོན། གྲུབ་ཆ། ས་བབ་བཅས་ཁ་གསལ་བཟོས་ནས་ས་ཁང་བདག་ཁོངས་རྣམ་གྲངས་ཀྱི་ལུགས་མཐུན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་ཚོད་རྩིས་བྱེད་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་ལ་མཁོ་འདོན་ཆ་ཚང་དང་ཁང་དབྱིབས་གྲུབ་ཚུལ་སྔར་ལས་ཁ་གསལ་བཟོ་དགོས། ས་ཁང་བདག་ཁོངས་ཀྱི་ཚོང་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་། སྡོད་ཁང་འགན་སྲུང་གི་རེས་མོས་དང་སྒུག་སྡོད་དུས་ཚོད་སོགས་དམིགས་འབེན་དོ་དམ་བྱེད་ཁོངས་སུ་འཇུག་དགོས། 2024ལོའི་ཟླ་4ཚེས་30ཉིན་དང་2025ལོའི་ཟླ་3ཚེས་31ཉིན་གྱི་གོང་དུ། གྲོང་ཁྱེར་ཁག་གིས་བྱ་ཐབས་འོས་འཚམ་གྱི་ཐོག་ནས་སྤྱི་ཚོགས་ལ་ལོ་དེའི་སྡོད་ཁང་འཕེལ་རྒྱས་ཀྱི་ལོ་འཁོར་འཆར་གཞིའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱེད་དགོས།

  • ལེ་ཚན་སྔོན་མ།:《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་མི་རིགས་ཡིག་རིགས་ལྔའི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས།
  • ལེ་ཚན་རྗེས་མ།:ཤེའུ་བང་སོའི་ཚོགས་སུ་ད་སྔར་གཞི་རྒྱ་ཆེས་ཆེ་བའི་བང་སོ་ཞིག་རྙེད།
  • དོ་སྣང་ཆེ་བའི་རྩོམ།