ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚོགས་འདུ་འཚོགས།

( བདེ་སྐྱིད་ཀྱིས་བསྒྱུར།)        2024-03-04

ཉེ་ཆར།ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ། ན་ནིང་ལོའི་ལས་ཀར་ཕྱོགས་སྡོམ་བྱས་པ་དང་ད་སྔའི་དུས་བབ་ལ་དབྱེ་ཞིབ་བྱས་ནས་ད་ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཐུང་རུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་བྱས། ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཞང་ཧྥེ་ཡིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་ཡག་པོ་འཁུར་དགོས་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱ་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་དང་ཁྱོན་ཡོངས་ལ་བསམ་བློ་གཏོང་བ། དུས་བབ་གསལ་རྟོགས་དང་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་རྒྱུན་འཁྱོངས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཞབས་འདེགས།ཏང་ཕྱིའི་ཚབ་བྱེད་མི་སྣ་གསོ་སྐྱོང་ཤུགས་ཆེན། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་ལས་དོན་ཟབ་སྤེལ། རྒྱལ་ཕྱིའི་རྒྱལ་གཅེས་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།འཐབ་ཕྱོགས་གཅིག་གྱུར་གྱི་དྲ་བའི་ལས་དོན་ལ་བསྐུལ་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཞབས་འདེགས་ཞུ་དགོས་ཞེས་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་།ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་རྒྱག་རྒྱུ་དེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་ལག་ལེན་མཐར་ཕྱིན་བསྟར་ནས། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། རྫོང(གྲོང་ཁྱེར)ཁག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲིའི་མ་ལག་ཡག་པོ་འཛུགས་དགོས། འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོ་ཆུང་གི་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་དོན་སྤྱི་འདོམས་དང་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ལ་ཤུགས་སྣོན། འབྲེལ་ཡོད་ཕྱོགས་ཁག་གི་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་བསྐུལ་དགོས་ཞེས་ནན་གསུང་གནང་བ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྨན་བཅོས་ཞབས་ཞུ་ཇེ་ཡག་ཏུ་བཏང་ནས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱས།
  • ལེ་ཚན་རྗེས་མ།:ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ད་ལོར་ཕུག་ཐུབ་པར་བརྩོན་ལེན་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།