ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ད་ལོར་ཕུག་ཐུབ་པར་བརྩོན་ལེན་བྱ་རྒྱུ།

( བདེ་སྐྱིད་ཀྱིས་བསྒྱུར།)        2024-03-04

     ད་སྔའི་བར། ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་རིམ་རྩིས་བྱས་ན་ལམ་གཞི་ལས་གཞིའི་བརྒྱ་ཆ80.0དང་། ཟམ་པ་དང་ལམ་དུང་ལས་གཞིའི་བརྒྱ་ཆ70.0 ཕུག་ལམ་ལས་གཞིའི་བརྒྱ་ཆ80.5 ཁང་སྐྲུན་ལས་གཞིའི་བརྒྱ་ཆ30.0 ལམ་ངོས་ལས་གཞིའི་བརྒྱ་ཆ30.0ལྗང་འགྱུར་ལས་གཞིའི་བརྒྱ་ཆ28.0བཅས་ལེགས་གྲུབ་བྱུང་ཞིང་། ཉེ་ཆར་འཚོགས་པའི2024ལོའི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ཧྲུའུ་ཏའོ་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲང་ཧྲེང་གིས་ལྕགས་ཟམ་ཁ་ནས་སྲིབ་སྨད་བཅས་ལས་གྲྭ4ཡི་སྤྱི་ལེ91ཡོད་པའི་མྱུར་བགྲོད་གཞུང་ལམ་ད་ལོར་ཕུག་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།: ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:རི་ཆུའི་ཁོར་ཡུག་སྲུང་སྐྱོང་ལ་འབད།
  • དོ་སྣང་ཆེ་བའི་རྩོམ།