འབའ་ཐང་རྫོང་གིས་གཞས་ར་སྟོང་སྐོར་ཁྲ་མོས་ལོ་སར་བསུས།

( སྐལ་ཐུབ་ཀྱིས་བསྒྱུར།)        2024-03-04

ལོ་སར་སྐབས་འབའ་ཐང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། འབའ་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་འབའ་ཐང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་སྒྲུབ་འགན་ཁུར་བའི་དཔྱིད་གསར་དུས་ཆེན་དང་བོད་ལོ་སར་གྱི་བྱེད་སྒོ་རབ་དང་རིམ་པ་སྟེ་འབའ་ཐང་སྐྱིད་པོ་ལུང་པའི་སྒྱུ་རྩལ་གཟའ་འཁོར་ཡི་ནང་དོན་གྱི་ཡ་གྱལ་དུ་གྱུར་པའི་བྲོ་གཞས་འཁྲབ་སྟོན་འབའ་ཐང་རྫོང་དམངས་ཡོངས་ལུས་སྦྱོང་བྱེད་སྒོ་ལྟེ་གནས་སུ་བྱས་པ་རེད།

འབའ་ཐང་གི་ཡུལ་ཤོག་དང་གྲོང་རྡལ་ཁག་ནས་ཡོང་བའི་གཞས་པ་སྟོང་གིས་ལུས་སུ་དུས་ཆེན་གྱི་གཟབ་མཆོར་དང་རྒྱན་ཆ་སྤྲས་ཤིང་། ལག་ཏུ་པི་ཝང་ཁྱེར་ནས་བཀྲ་ཤིས་པའི་གཞས་ར་སྟོང་སྐོར་ཁྲ་མོས་ཤིང་འབྲུག་ལོ་སར་བསུ་བ་དང་ཆབས་ཅིག། རྒྱལ་ཁབ་བརྟན་ཞིང་བདེ་ལ་མི་དམངས་བདེ་ཞིང་སྐྱིད་པ། ཆར་ཆུ་དུས་སུ་འབབ་ཅིང་ནད་མུག་འཁྲུག་རྩོད་ཞི་བ་དང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་བཟང་པོ་རྫོང་ཡོངས་ཀྱི་མི་དམངས་གཙོས་པའི་རྒྱལ་འབངས་ཀུན་ལ་ཞུས་པ་རེད།

  • ལེ་ཚན་སྔོན་མ།:རི་ཆུའི་ཁོར་ཡུག་སྲུང་སྐྱོང་ལ་འབད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།