རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཀོད་སྒྲིག་བྱས་པ།

    མི་དམངས་དྲ་བ་ནས་དྲངས།    2024-03-19

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་ཡོངས་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་འཚོགས་ནས། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཀོད་སྒྲིག་བྱས་པ་རེད། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་མཉམ་སྡེབ་ནགས་ལས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ། སྲིད་ཇུས་ཀྱི་མཉམ་སྡེབ་བྱེད་ཐབས་སྤྱད་པ་དང་འགག་གནད་གཤོང་བ་དང་དཀའ་གནད་བསལ་ནས་མཉམ་སྡེབ་ནགས་ཚལ་སྒྱུར་བཅོས་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མཛེས་པ་དང་མི་སེར་ཕྱུག་པོར་འགྱུར་བ་གཉིས་གཅིག་གྱུར་གང་ལེགས་ཡོང་བའི་བརྩོན་ལེན་བྱེད་རྒྱུ་རེད།
     མཉམ་སྡེབ་ནགས་ཚལ་ནི་ཐཱན་བསྡུའི་ནུས་པ་ཆེ་རུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་དང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྨང་གཞི་གལ་ཆེན་ཞིག གྲོང་གསེབ་དར་རྒྱས་ཡོང་བའི་ཐོན་ཁུངས་གལ་ཆེན་ཞིག་བཅས་རེད། རང་རྒྱལ་ལ་མཉམ་སྡེབ་ནགས་ས་མུའུ་དུང་ཕྱུར་25.68ཡོད་པ་དེས་ནགས་སའི་སྤྱིའི་རྒྱ་ཁྱོན་གྱི་60%བཟུང་བ་དང་། རྫོང་2600ལྷག་ཙམ་དུ་ཁྱབ་པ་དང་ཞིང་དུད་དུང་ཕྱུར་1ལྷག་ཙམ་དང་འབྲེལ་བ་ཡོད། 2008ལོ་ཚུན་དུ། རང་རྒྱལ་གྱིས་མཉམ་སྡེབ་ནགས་ཚལ་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། “བདག་དབང་གསལ་བཟོ་དང་དུད་ཚང་ལ་འགན་གཙང་སྤྲོད་པའི”ལས་དོན་ལེགས་སྒྲུབ་བྱས་པ་དང་། རྒྱལ་ཡོངས་སུ་ནགས་དབང་ལག་ཁྱེར་དུང་ཕྱུར་1ལྷག་ཙམ་སྤྲད་ནས“རི་ཁུལ་གྱི་བདག་དབང་གཏན་འཁེལ་དང་། སྡོང་པོ་ངོས་འཛིན། བློ་བདེ་བ”བཅས་མངོན་འགྱུར་རགས་ཙམ་བྱུང་ཡོད། ནགས་ཚལ་གྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་མཉམ་སྡེབ་ནགས་ཚལ་གསོག་ཚད་ནགས་ཚལ་སྒྱུར་བཅོས་མ་བྱས་གོང་ལས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་39ཙམ་མང་དུ་ཕྱིན་པ་དང་འཕར་ཚད་85%ཙམ་ཟིན་ཡོད། ཁྱིམ་ཚང་གི་ནགས་ར་དང་། ཆེད་ལས་དུད་ཆེན། ནགས་ལས་མཉམ་ལས་ཁང་སོགས་ནགས་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་ཁྲི་30ཙམ་སྐྱེད་སྲིང་བྱས་པས། ནགས་སྐྱོང་ཞིང་པའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།
     སྒྱུར་བཅོས་ཀྱི་གྲུབ་འབྲས་སྔར་བས་བརྟན་དུ་དང་རྒྱ་ཆེར་གཏོང་ཆེད། རྒྱལ་ཡོངས་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུའི་ཐོག ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཇུས་གཞི》དོན་འཁྱོལ་ནན་ཏན་བྱས་ཏེ། མཉམ་སྡེབ་ནགས་དབང་ལམ་ལུགས་གསར་གཏོད་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ལས་དོན་ཁག་དྲུག་ལ་དམ་འཛིན་ཧུར་ཐག་བཅས་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་ནས་ནགས་དབང་ཐོ་འགོད་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནས་མཉམ་སྡེབ་ནགས་ཚལ་ཚན་རིག་དང་མཐུན་ཞིང་ཕན་འབྲས་ཆེ་བའི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། གསུམ་ནས་གཞུང་ཁོངས་ནགས་རའི་སྣེ་འདྲེན་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་པ། བཞི་ནས་ནགས་ཚལ་ཐོན་ཁུངས་ཚན་རིག་དང་མཐུན་པའི་ངང་བེད་སྤྱོད་ལུགས་མཐུན་བྱེད་དགོས་པ། ལྔ་ནས་ནགས་ལས་དངུལ་རྩའི་ཞབས་ཞུའི་མ་ལག་གསར་གཏོད་བྱེད་དགོས་པ། དྲུག་ནས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་བཅས་བཏོན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཟླ་བ་2པར་CPIལོ་གོང་མའི་དུས་མཚུངས་ལས་0.7%འཕར་བ།
  • ལེ་ཚན་རྗེས་མ།:2023ལོའི་ལོ་མཇུག་བར་རང་རྒྱལ་གྱི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་རིང་ཚད་སྤྱི་ལེ་ཁྲི460ལ་ཟིན།
  • དོ་སྣང་ཆེ་བའི་རྩོམ།