འདབ་པ་རྫོང་གིས་ཐབས་བརྒྱ་ ཇུས་སྟོང་གིས་དཔྱིད་རྨོད་གྲ་སྒྲིག་བྱེད།

( སྐལ་བཟང་རྒྱ་མཚོས་བསྒྱུར།)        2024-03-18

ད་སྔ་ནི་དཔྱིད་རྨོད་གྲ་སྒྲིག་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད་པས། འདབ་པ་རྫོང་གིས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་གྲ་སྒྲིག་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ད་ལོའི་ཞིང་ལས་ཐོན་སྐྱེད་ཀྱི་ལས་འགན་ལེགས་སྒྲུབ་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

འདབ་པ་རྫོང་གིས་འབྲུ་རིགས་རྨོ་འདེབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འབྲུ་རིགས་ཉེན་མེད་ཀྱི་མཐའ་ཚད་བསྲུངས་ཤིང་། རིམ་པ་སོ་སོའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། རྨོ་འདེབས་ཀྱི་ལས་འགན་རིགས་དབྱེ་སྟེ་གྲོ་མུའུ1945དང་། སོ་བ་མུའུ520 ཞོག་ཁོག་མུའུ585པད་ཁ་མུའུ495དང་སྔོ་ཚལ་མུའུ495བཅས་གནས་ཚུལ་དང་བསྟུན་ནས་རྨོ་འདེབས་ཀྱི་འཆར་གཞི་བཞག་ཡོད།

དཔྱིད་རྨོད་ལ་ཞིང་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་སྔོན་ནས་གྲ་སྒྲིག་བྱས་པ་སྟེ། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ནས་ནག་གི་སོན་བཟང་རྒྱ་མ་ཁྲི10དང་། ཞོག་ཁོག་སོན་བཟང་རྒྱ་མ་ཁྲི20 མ་རྨོས་ལོ་ཏོག་སོན་བཟང་རྒྱ་མ་ཁྲི0.6 ཞིང་ལུད་སྣ་ཚོགས་ཏུན220 ནད་འབུ་དང་ཨ་བྲའི་གནོད་འཚེ་འགོག་བཅོས་སྨན་རྫས་ཏུན2བཅས་གྲབས་གསོག་བྱས་ཡོད། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་བྱ་འགུལ་ཐེངས1སྤེལ་ནས་རྫུན་ལྷད་ཞན་གསུམ་གྱི་ཞིང་ལས་ཐོན་རྫས་འདབ་པ་ཁྲོམ་རར་བསྲེས་པར་སྔོན་འགོག་ནན་པོ་བྱས་ཡོད།

དེ་དང་ཆབས་ཅིག་ཏུ། འབྲུ་རིགས་ཐོན་སྐྱེད་དང་ཡོང་འབབ་འཕར་བར་སྐུལ་འདེད་གཏང་ཆེད། འདབ་པ་རྫོང་གིས་ཆེད་ལས་ལག་རྩལ་མཛུབ་ཁྲིད་ལ་ཤུགས་བརྒྱབ་ནས་ཆེད་ལས་ལག་རྩལ་མི་སྣས་ཡུལ་ཤོག་བགོས་ཏེ་ཚད་གཞི་མཐོ་བའི་ཞིང་ལས་དོ་དམ་སྲུང་སྐྱོང་བྱ་བར་དོན་འཁྱོལ་བྱས་པ་རེད། ད་སྔའི་བར་རྫོང་ཡོངས་སུ་རིམ་རྩིས་བྱས་ན་ཞིང་ལས་དོ་དམ་དང་ལག་རྩལ་མཛུབ་སྟོན་ཐེངས12བྱས་པ་རེད།།


  • ལེ་ཚན་སྔོན་མ།:དར་མདོའི་རྒྱུ་ལ་ཤར་རྒྱུད་ཀྱི་ཞིང་པ་ཚོས་དཔྱིད་རྨོད་གྲ་སྒྲིག་བྱེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།