2023ལོའི་ལོ་མཇུག་བར་རང་རྒྱལ་གྱི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་རིང་ཚད་སྤྱི་ལེ་ཁྲི460ལ་ཟིན།

ལྷ་འཛོམས་ཀྱིས་བསྒྱུར།    མི་དམངས་དྲ་བ་ནས་དྲངས།    2024-03-20

      གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། “བཞི་ལེགས་གྲོང་གསེབ་ལམ”གྱི་སྤུས་ཚད་མཐོན་པོར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་བརྒྱུད། རང་རྒྱལ་གྱི་གྲོང་གསེབ་གཞུང་ལམ་གྱི་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔར། རྒྱལ་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་ཡུལ་ཤིག་དང་། གྲོང་རྡལ། སྒྲིག་ཚུད་གྲོང་ཚོ་བཅས་སུ་མཁྲེགས་ལམ་བཏིང་ཡོད། ལོ10ཡི་རིང་། གྲོང་གསེབ་གཞུང་ལམ་སྤྱི་ལེ་ཁྲི250གསར་སྐྲུན་དང་སྒྱུར་བཀོད་བྱས་པ་དང་། ན་ནིང་གི་ལོ་མཇུག་བར། གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་རིང་ཚད་སྤྱི་ལེ་ཁྲི460ལ་ཟིན་པ་རེད།

“བཞི་ལེགས་གྲོང་གསེབ་ལམ”བསྐྲུན་དགོས་ན། གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བསྐྲུན་དགོས་པར་མ་ཟད། ད་དུང་དོ་དམ་དང་། སྲུང་སྐྱོང་། གཉེར་སྐྱོང་བཅས་ཡག་པོ་བྱ་དགོས། དོ་དམ་ཡག་པོ་བྱེད་པའི་ཐད། གྲོང་གསེབ་གཞུང་ལམ་གྱི་དོ་དམ་ལམ་ལུགས་དང་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། གྲོང་གསེབ་གཞུང་ལམ་གྱི་དོ་དམ་ལས་འགན་ཡོད་པའི་རྫོང་རིམ་པའི་སྲིད་འཛིན་ཚན་པར“ལམ་དཔོན་ལམ་ལུགས”ཡོངས་སུ་ཁྱབ་པར་བྱས་ཡོད། སྲུང་སྐྱོང་ཡག་པོ་བྱེད་པའི་ཐད། རྒྱལ་ཡོངས་སུ་བསྡོམས་རྩིས་བྱས་ན་གྲོང་གསེབ་གཞུང་ལམ་གྱི་ཉེན་ཁ་ཆེ་བའི་ཟམ་པ་ཁྲི6.3སྒྱུར་བཀོད་དང་ཚེ་སྲོག་དང་བདེ་འཇགས་སྲུང་བའི་ལས་གྲྭ་སྤྱི་ལེ་ཁྲི130ལག་བསྟར་དོན་འཁྱོལ་བྱས་ཡོད། གཉེར་སྐྱོང་ཡག་པོ་བྱེད་པའི་ཐད། མིག་སྔར་རྒྱལ་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་ཡུལ་ཤོག་དང་། གྲོང་རྡལ། སྒྲིག་ཚུད་གྲོང་ཚོ་བཅས་སུ་འགྲུལ་འཁོར་ཤར་གཏོང་ཐུབ་ཡོད་ཅིང་། ལྷག་པར་དུ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་ལས་མྱུར་སྐྱེལ་བཅས་མཉམ་དུ་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ནས་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་ལས་མྱུར་སྐྱེལ་གྱི་ལམ་ཐིག་ཁྲི1.1ལྷག་ཤར་གཏོང་ཐུབ་སྟེ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་གྱིས་ལོར་བསྐུར་དངོས་དུང་ཕྱུར2ཡན་དབོར་རོགས་བྱས་ཡོད།།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཀོད་སྒྲིག་བྱས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།