ལོ་འགོ་ནས་གྲ་སྒྲིག་ཡག་པོ་བྱས་ཏེ་ལས་གཞི་མ་འཇོག་གི་ལས་ཀར་རྨང་གཞི་བརྟན་པོ་བཏིང་།

སྐལ་བཟང་རྒྱ་མཚོས་བསྒྱུར།        2024-03-20

2024ལོའི་དཀར་མཛེས་ཁུལ་གྱི་ལས་གཞི་མ་འཇོག་ལས་དོན་ཡུལ་དངོས་ཚོགས་འདུ་འབའ་ཐང་རྫོང་དུ་འཚོགས།

དཔྱིད་ཀ་འཆར་འགོ་ཚུགས་ཤིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཤུགས་ཡོད་རྒུས“དཔལ་འབྱོར་གཉེར་བ་དང་འཛུགས་སྐྲུན་བྱེད་པའི”འགག་རྩའི་དུས་རིམ་ལ་སླེབས་ཤིང་། ཉེ་བའི་སྔོན།དཀར་མཛེས་ཁུལ་གྱི2024ལོའི་ལས་གཞི་མ་འཇོག་ལས་དོན་ཡུལ་དངོས་ཚོགས་འདུ་འབའ་ཐང་རྫོང་དུ་འཚོགས་པ་རེད།ཚོགས་འདུའི་ཐོག་ཀྲུང་དབྱང་དང་།ཞིང་ཆེན།ཁུལ་བཅས་ཀྱི“ལས་གཞི་ལ་དམ་འཛིན་དང་མ་འཇོག་སྐུལ་གཏོང”སྐོར་གྱི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་པ་དང་།2023ལོའི་ཁུལ་ཡོངས་ཀྱི་ལས་གཞི་ལས་དོན་ལ་ཕྱོགས་སྡོམ་བྱས་པ།ད་སྔའི་གནས་ཚུལ་ལ་དབྱེ་ཞིབ་དང་།2024ལོའི་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད།

“ཡུལ་དངོས་ནས་ལྟ་བ་དང་ཡུལ་དངོས་ནས་མྱོང་ཚོར་བླངས་ནས་ཕན་ཚུན་སློབ་སྦྱོང་ལ་སྐུལ་བའི”ཚོགས་འདུའི་རྣམ་པར་བརྟེན་ནས་གྲུབ་འབྲས་ངོམ་པ་དང་།སྔོན་ཐོན་ལ་སློབ་སྦྱོང་བྱེད་པ། ཧེ་བག་འཚོལ་བ།འཕེལ་རྒྱས་ལ་བསྐུལ་བ་དང་།དཔལ་འབྱོར་འཕེལ་རྒྱས་ལ་བརྩོན་ནས་ཕན་ཚུན་སློབ་སྦྱོང་དང་སྐུལ་འདེད་གཏོང་བ་དང་།འཛུགས་སྐྲུན་ལ་བརྟེན་ནས་ཕན་ཚུན་ལ་སློབ་སྦྱོང་དང་འགྲན་རྩོད་བྱེད་པ།མཐུན་སྒྲིལ་དང་འཆམ་མཐུན་ཡར་བརྩོན་ལ་སྐུལ་མ་གཏོང་བ་བཅས་ཀྱི་སྣང་ཉམས་ཟབ་མོ་ཞིག་བསྐྲུན་ཡོད།

ཉིན་དེའི་སྔ་དྲོར་ཚོགས་ཞུགས་མི་སྣ་ཚོ་ཆུང་གཉིས་སུ་དབྱེ་ནས་སྔ་རྗེས་སུ་འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་གྱི་གྲོང་ཚོ་རིམ་པའི་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་དང་ལྷག་བ་ཆུ་གློག་ས་ཚུགས། ཉ་མགོ་གྲོང་སྡེའི་གཅིག་སྡུད་གནས་སྤོ་བྱ་ཡུལ།སི་ཁྲོན་དང་ཡུན་ནན་བོད་ལྗོངས་ཟུང་འབྲེལ་གྱི་ལྟེ་བའི་ལུས་རྩལ་ཁང་སོགས་སུ་བསྐྱོད་དེ་འགྲེམས་པང་ལ་ལྟ་བ་དང་། ངོ་སྤྲོད་ལ་ཉན་པ། སྙན་སེང་གློག་བརྙན་ལ་ལྟ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འབའ་ཐང་རྫོང་གི་ཞབས་ཞུ་འགན་ལེན་དང་། ལས་གཞི་ལ་སྐུལ་འདེད། གཉེར་སྐྱོང་བྱ་ཐབས། ཕན་འབྲས་འདོན་སྤེལ་བཅས་ཀྱི་ལག་ལེན་ཉམས་མྱོང་དང་ཁྱད་ཆོས་བྱེད་ཐབས་ལ་ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་རེད། ཚང་མས་ཡུལ་དངོས་སུ་ལྟ་སྦྱོང་དང་ཕན་ཚུན་ཞིབ་བསྡུར་ཁྲོད་ཧེ་བག་མཐོང་བ་དང་གནོན་ཤུགས་ཚོར་བ། ཁ་ཕྱོགས་གསལ་པོ་སྟོན་པ་དང་ཡིད་ཆེས་ཡང་ཆེན་པོ་སྐྱེས་ཡོད།

དར་མདོ་གྲོང་ཁྱེར་འཕེལ་བསྒྱུར་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་ལས་གཞི་གསོག་འཇོག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཅན་གྱིས་ད་ཐེངས་འབའ་ཐང་དུ“ཉམས་མྱོང་ལེན་པར”ཕན་འབྲས་ཆེན་པོ་ཐོབ་ཡོད། ཁོས་ཕྱིར་ལོག་རྗེས་ད་ཐེངས་ཀྱི་སློབ་སྦྱོང་ལས་ཐོབ་པའི་མིག་དཔེ་ལྟ་སའི་ཕུལ་བྱུང་གི་ཉམས་མྱོང་ལས་དོན་དངོས་ནང་སྤྱད་དེ་ལས་གཞི་བཀོད་འདོམས་པུའུ་དང་ལས་སྣོན་བཟོ་གྲྭའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ལས་གཞི་ཇུས་འགོད་དང་། ཐུམ་སྒྲིལ། བརྒྱུད་རིམ་དོ་དམ་ཚོད་འཛིན་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དར་མདོ་གྲོང་ཁྱེར་གྱི་ལས་གཞི་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཤུགས་ཡོད་རྒུས་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།

འབའ་ཐང་རྫོང་འཕེལ་བསྒྱུར་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་ཚེ་རིང་གིས་འབའ་ཐང་རྫོང་གིས་ད་ཐེངས་ཀྱི་ཡུལ་དངོས་ཚོགས་འདུ་དེ་འགོ་འཛུགས་ས་གསར་པ་དང་གོ་སྐབས་གསར་པ་ཞིག་ལ་བརྩིས་ནས་འབད་འབུངས་ཡར་བརྩོན་གྱིས་ལས་གཞིའི་ལས་དོན་ཡག་པོ་བསྒྲུབས་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་འབྱོར་ཕྱུག་དང་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་འབའ་ཐང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ཉིན་དེའི་ཕྱི་དྲོར།འབའ་ཐང་རྫོང་གིས2024ལོའི་ལས་གཞི་མ་འཇོག་ལས་དོན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ཡོད།

ཚོགས་འདུའི་ཐོག་ནན་གསུང་གནང་བ་ལྟར་ད་ཐེངས་ཀྱི་ཚོགས་འདུ་ནི་དམ་འཇོག་སྐུལ་སློང་གི་ཚོགས་འདུ་ཞིག་ཡིན་ལ་ཞིབ་བསྡུར་སྤེལ་རེས་ཀྱི་ཚོགས་འདུ་ཞིག་ཀྱང་ཡིན། ཚོགས་ཞུགས་མི་སྣས་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་བཅས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དུས་ཚོད་དམ་འཛིན་དང་།མྱུར་ཚད་དམ་འཛིན། ལས་ཕྱོད་ཆེར་གཏོང་བཅས་ཀྱི་བརྡ་རྟགས་དྲག་པོ་མགྱོགས་མྱུར་བཏང་སྟེ་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་མི་གཏོང་བའི་སྙིང་སྟོབས་ལ་བརྟེན་ནས་ཁོར་ཡུག་རྣམ་པ་བཟང་པོ་མི་ཉམས་པ་དང་། ལས་ཀ་བྱེད་ཤུགས་ཆུང་དུ་མི་བཏང་བ། མྱུར་ཚད་དལ་དུ་མི་བཏང་ནས་སྔར་ལྷག་གིས་དཔལ་འབྱོར་འཛུགས་སྐྲུན་ཧུར་ཐག་བྱེད་པའི་མཉམ་ཤུགས་ཆེན་པོས་ལོ་འགོ་ལེགས་པོ་ཞིག་འཛུགས་པ་དང་ལོ་ཧྲིལ་པོར་གྲུབ་འབྲས་ལེགས་པོ་ཐོབ་པར་འགན་ལེན་བྱས་ཡོད།

ཚོགས་འདུའི་བླང་བྱ་ལྟར་ཚོགས་ཞུགས་མི་སྣས་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། འགྲན་རྩོད་དང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་འགན་ཁུར་གྱི་སེམས་པ་ཆེ་རུ་བཏང་བ་དང་། “གསར་པ”ཡི་ཕྱོགས་སུ་སྐྱོད་རྒྱུར་རྒྱུན་འཁྱོངས་དང་། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏང་སྟེ། འགྲན་རྩོད་དྲག་པོ་ཆགས་པ་དང་འཕེལ་རྒྱས་ཀྱི་སྐུལ་ཤུགས་དང་འདེགས་ཤུགས་ཇེ་མགྱོགས་སུ་བཏང་བ། འཕེལ་རྒྱས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་བ། ཕན་ཚུན་འགྲན་རྩོད་བྱེད་པ་དང་མགྱོགས་མྱུར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་པར་ཤུགས་རྒྱག་པ། སྤྱོད་ཚུལ་ནན་པོ་དར་སྤེལ་བཏང་སྟེ་འགན་འཁྲི་འཁུར་བར་སྐུལ་མ་གཏོང་བ་དང་། ཕན་ཚུན་འགྲན་རྩོད་དང་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་མཉམ་འདུས་ནུས་པ་དང་བློ་ཁ་ཕྱོགས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བར་ཤུགས་རྒྱག་པ། ཞུམ་མེད་མདུན་སྐྱོད་ཀྱི་ངར་ཤུགས་དང་། གསར་གཏོད་བྱེད་ཕོད་པའི་ངར་ཤུགས། རྒྱལ་ཁ་ལེན་ཐུབ་པའི་ངར་ཤུགས། འགག་སྒྲོལ་བྱེད་མཁས་པའི་སེམས་ཤུགས་བཅས་ཡོད་དགོས་པ་དང་། རྣམ་པ་གསར་པ་དང་། ཉམས་འགྱུར་གསར་པ། བྱས་རྗེས་གསར་པ་བཅས་ཀྱི་ཐོག་ནས2024ལོའི་ལས་གཞི་མ་འཇོག་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བལྟས་བལྟས་རིག་རིག་གི་གྲུབ་འབྲས་ཐོབ་པར་བྱ་དགོས།

ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣས་འབའ་ཐང་རྫོང་ལས་གཞི་ལས་དོན་གྱི་ཆེད་དོན་སྙན་ཞུའི་བརྙན་ལམ་ལ་བལྟས་པ་དང་།2023ལོའི“རྟ་རྒྱུགས”ལམ་སྲོལ་ལས་དོན་གྱི་གནས་ཚུལ་དང་ཁུལ་ཡོངས་ཀྱི་ལས་གཞི་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་བརྡ་ཁྱབ་བཏང་བ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་དང་། ལྕགས་ཟམ་རྫོང་། དུང་དཀར་ལུང་པའི་དོ་དམ་ཨུ་ལྷན། ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་རིམ་པ་བཞིན་དུ་གཏམ་བཤད་སྤེལ་བ་རེད།

ཁུལ་འཕེལ་བསྒྱུར་ཨུ་ལྷན་དང་འབའ་ཐང་རྫོང་ཨུ། འབའ་ཐང་རྫོང་མི་དམངས་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་ཞིང་ཆེན་དང་ཁུལ་གཏོགས་སྲིད་འཛིན་ལས་དོན་སྡེ་ཚན་གྱི་ལས་བགོས་འགན་འཁུར་བ་དང་ཁུལ་འཕེལ་བསྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་ཚན་ཁག་གི་འགན་འཁུར་བ།རྫོང(གྲོང་ཁྱེར)ཁག་གི་སྲིད་གཞུང་དང་།དུང་དཀར་ལུང་པའི་དོ་དམ་ཨུ་ལྷན་དང་ཉི་སྟེན་དོ་དམ་ཅུས་བཅས་ཀྱི་ལས་བགོས་འགན་འཁུར་བ།རྫོང(གྲོང་ཁྱེར)ཁག་གི་འཕེལ་བསྒྱུར་ཅུས་ཀྱི་འགན་འཁུར་བ་གཙོ་བོ་བཅས་ཚོགས་འདུར་ཞུགས་པ་རེད།།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་དཀར་མཛེས་ཁུལ་གྱི་བྱང་རྒྱུད་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།