ཏང་གི་སྒྲིག་ལམ་སྦྱོང་ཤེས་དམ་སྲུང་བྱ་དགོས།

( སྐལ་ཐུབ་ཀྱིས་བྲིས།)        2024-04-24

    ད་ལོའི་སྤྱི་ཟླ4པ་ནས་བཟུང་ཏང་ཡོངས་སུ་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོ་བྱེད་འགོ་བཙུགས་ཡོད། ཐེངས་འདིའི་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོ་ནི་ཏང་གི་སྒྲིག་ལམ་འཛུགས་སྐྱོང་དང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཟབ་ཕྱོགས་སུ་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་རེད།

ཏང་གི་སྒྲིག་ལམ་ནི་ཏང་གི་སྲོག་རྩ་ཡིན་ཞིང་། སྒྲིག་ལམ་མེད་ན་སྲོག་རྩ་ཆད་ཉེན་ཡོད། ད་ཐེངས་ཏང་གི་སྒྲིག་ལམ་གང་ཞིག་སྦྱང་དགོས་པ་རེད་ཟེར་ན། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག》གཙོ་བོ་སྦྱང་དགོས། དེ་ཡང་བསྡུས་ན་ཆབ་སྲིད་དང་རྩ་འཛུགས། སྤྱོད་གཙང་། མང་ཚོགས། ལས་དོན། འཚོ་བ་བཅས་སྒྲིག་ལམ་དྲུག་ལ་འདུས་ཡོད། སྦྱོང་མཁན་གཙོ་བོ་སུ་རེད་ཅེ་ན། མགོ་ཁྲིད་པ་དང་ཏང་མི་ལས་བྱེད་པ་རེད། ཅི་འདྲ་སྦྱང་དགོས་པ་རེད་ཟེར་ན《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག》གི་ཚིག་འབྲུ་རེ་རེ་བཞིན་ནན་ནན་ཏིག་ཏིག་གིས་སྦྱངས་ནས་ཤེས། ཤེས་ནས་དམ། དམ་ནས་བསྲུང་དགོས། ཏང་གི་སྒྲིག་ལམ་ནང་སེམས་ལ་ངེས་རྗེས་ཕྱི་བྱ་སྤྱོད་དུ་བསྒྱུར་དགོས། སྦྱངས་ནས་དམིགས་ཡུལ་གང་ཞིག་འགྲུབ་དགོས་པ་རེད་ཟེར་ན། སྔར་ལྷག་གིས་ཆབ་སྲིད་སྒྲིག་སྲོལ་དམ་ནན་བཟོས་ཏེ་ཏང་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་ཁག་ཐེག་བྱ་དགོས། རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་ཡོང་བ་དང་། བསམ་བློ་དང་བྱ་སྤྱོད་གཅིག་ཏུ་མཐུན་ཞིང་སྤྱོད་ཤེས་གཅུན་ཤེས་དང་གང་གསུང་དེ་སྒྲུབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྒུལ་ཤུགས་དང་མཉམ་ཤུགས་ཆེན་པོ་ཆགས་ཐུབ་པའི་ཆེད་དུ་རེད།

ཉེ་བའི་ལོ་ཤས་རིང་། ཏང་གི་སྒྲིག་ལམ་ཡོད་ཀྱང་སྦྱོང་ཤེས་དམ་སྲུང་མི་བྱེད་པའི་དབང་གིས་ཏང་གི་མགོ་ཁྲིད་ལས་བྱེད་པ་མི་ཉུང་བས་རང་གི་མི་ཚེ་སྡུག་ལ་སྦྱར་དང་སྦྱོར་བཞིན་ཡོད། སྒྲིག་ལམ་ནི་ཏང་ནན་པོས་སྐྱོང་བ་དང་ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེའི་རྩ་བའི་རྩ་བ་ཡིན། སྒྲིག་ལམ་ཇི་ཙམ་དམ་ཞིང་ནན་ན་མགོ་ཁྲིད་པ་ཏང་མི་ལས་བྱེད་པ། དེ་བཞིན་སྤྱི་ཚོགས་ཡོངས་ལ་དེ་ཙམ་ཕན་ཐོགས་ཆེ། གོམས་ན་སླ་བར་མི་འགྱུར་བའི།། དངོས་དེ་གང་ཡང་ཡོད་མ་ཡིན།། ཞེས་པ་ལྟར་མགོ་ཁྲིད་པ་དང་ཏང་མི་ལས་བྱེད་པས་སྒྲིག་ལམ་སྲུང་བར་གོམས་སུ་བཅུག་དགོས། ནམ་ཡང་སྒྲིག་སྲུང་གི་བརྟུལ་ཞུགས་གཟུང་དགོས། སྒྲིག་ལམ་ནི་རང་སྲུང་གི་གོ་མཚོན་བཟང་ཤོས་སུ་བརྩིས་ཏེ། དུས་དང་རྣམ་པ་ཀུན་ཏུ་མགོ་གཙང་མཇུག་གཙང་དང་ནང་གཙང་ཕྱི་གཙང་ཡིན་པའི་མི་དམངས་ཀྱི་ཞབས་འདེགས་པ་བྱ་རྒྱུར་འབད་དགོས་སོ།། 


  • ལེ་ཚན་སྔོན་མ།:《ཞི་ཅིན་ཕིང་གི་ཤེས་ལྡན་པའི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》པར་དུ་བསྐྲུན་ནས་བཀྲམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།