《ཞི་ཅིན་ཕིང་གི་ཤེས་ལྡན་པའི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》པར་དུ་བསྐྲུན་ནས་བཀྲམ།

    མི་དམངས་དྲ་བ་ནས་དྲངས།    2024-04-24

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་བ4པའི་ཚེས21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཤེས་ལྡན་པའི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་དཔེ་དེབ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད། བྱས་རྗེས་འཇོན་ཐང་ལས་བྱུང་།། བྱ་གཞག་འཇོན་ཐང་ལས་འཕེལ།། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པ་ནི་རྒྱལ་ཁབ་དང་མི་རིགས་ཡུན་རིང་འཕེལ་རྒྱས་གཏོང་བའི་ཇུས་ཆེན་ཞིག་ཡིན། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་པ་གསོ་སྐྱོང་དང་། ཤེས་ལྡན་པར་མཐུན་སྒྲིལ། ཤེས་ལྡན་པ་སྣེ་ཁྲིད། ཤེས་ལྡན་པར་གྲུབ་འབྲས་ཐོབ་པ་བཅས་ལ་མཐོང་ཆེན་བྱས་ཏེ། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་པས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་བྱས་རྗེས་འཇོག་པར་མཐུན་སྒྲིལ་དང་རྒྱབ་སྐྱོར་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་། ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་བཅས་ཡིན་པ་མཐའ་འཁྱོངས་ཏེ། ཏང་གིས་ཤེས་ལྡན་པའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་། ཤེས་ལྡན་པས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གནས་བབ་གཏན་ལ་ཕབ་ཅིང་། དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཤེས་ལྡན་པའི་ལས་དོན་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡིན་ཞིང་། དེས་ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་དགོས་དོན་གང་ཡིན་པ་དང་། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་ཞེས་པ་གང་ལ་ཟེར་བ། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཇི་ལྟར་བྱ་དགོས་པ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་ཟབ་རྒྱས་བཏབ་ཡོད། དེས་དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་གྱི་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་བ། འཛམ་གླིང་གི་ཤེས་ལྡན་པའི་ལྟེ་གནས་དང་གསར་གཏོད་ཀྱི་འཕེལ་ཁ་གསར་པ་གལ་ཆེན་གང་མགྱོགས་གཏོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐོག་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་བར་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་དང་ཤེས་ལྡན་པའི་རྨང་གཞི་བརྟན་པོ་འདིང་བའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། 《རྣམ་བཤད་གཅེས་བཏུས》དེ་ཆེད་དོན7དབྱེ་ཡོད་པ་དང་ཁྱོན་རྣམ་བཤད་ཁག248ཡོད་པ་དེ་དག་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ་བ12ནས2024ལོའི་ཟླ་བ3པའི་བར་གྱི་སྙན་སྒྲོན་དང་། གསུང་བཤད། མཛུབ་སྟོན། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག། འཕྲིན་ལན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན110ལྷག་ནས་བཏུས་ཡོད། དེའི་ནང་གི་རྣམ་བཤད་ཁག་གཅིག་ཡོངས་བསྒྲགས་བྱེད་ཐེངས་དང་པོ་རེད།། 

  • ལེ་ཚན་སྔོན་མ།:ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་མཉམ་འབྲེལ་གྱིས་སྡེ་སྡོད་ཧྲུའུ་ཅི་དང་པོའི་གསོ་སྦྱོང་འཛིན་གྲྭ་བསྡུས།
  • ལེ་ཚན་རྗེས་མ།:ཏང་གི་སྒྲིག་ལམ་སྦྱོང་ཤེས་དམ་སྲུང་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།