ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་མཉམ་འབྲེལ་ངང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སོགས་ལས་ཁུངས་ཀྱིས་མངག་གཏོང་བྱས་པའི་སྡེ་སྡོད་ཧྲུའུ་ཅི་དང་པོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

    ཞིན་ཧྭ་དྲ་བ།    2024-04-23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས15ཉིན་ནས་ཚེས19ཉིན་བར། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་དུ་མཉམ་འབྲེལ་ངང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སོགས་ལས་ཁུངས་ཀྱིས་མངག་གཏོང་བྱས་པའི་སྡེ་སྡོད་ཧྲུའུ་ཅི་དང་པོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། ས་ཁུལ་སོ་སོས་སྡེ་སྡོད་ལས་བྱེད་པའི་གསོ་སྦྱོང་ལ་ཤུགས་སྣོན་པའི་ཐད་དཔེ་སྟོན་གནང་སྟེ། སྡེ་སྡོད་ཧྲུའུ་ཅི་དང་པོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་ཁྲོད་དོན་སྙིང་གལ་ཆེན་འདོན་སྤེལ་བྱས། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ལས་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་མགོ་རྩོམ་འཛིན་གྲྭ་དང་སློབ་སྦྱོང་མཇུག་སྒྲིལ་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད་གནང་།

གསོ་སྦྱོང་འཛིན་གྲྭས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ་བརྗོད་དོན་དུ་བཟུང་སྟེ། དགོས་མཁོ་མཐིལ་རྟོགས་ཀྱི་རྨང་གཞིའི་སྟེང་བསམ་བློ་སློབ་ཁྲིད་དང་སྲིད་ཇུས་སློབ་ཁྲིད། སྒྲིག་ཁྲིམས་སློབ་ཁྲིད། དཔེ་མཚོན་སློབ་ཁྲིད། ཡུལ་དངོས་སློབ་ཁྲིད་བཅས་བཀོད་སྒྲིག་བྱས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་ཆེད་མཁས་པ་གདན་ཞུ་བྱས་ཏེ་སློབ་ཁྲིད་གནང་བ་དང་། ཤར་དབུས་ནུབ་རྒྱུད་ཀྱི་ཕུལ་བྱུང་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི6དང་ཕུལ་བྱུང་སྡེ་སྡོད་ཧྲུའུ་ཅི་དང་པོ6གིས་དཔེ་མཚོན་བརྗེ་རེས་གནང་ཞིང་། སུའུ་ཀྲོའུ་གྲོང་ཁྱེར་གྱི་སྔོན་ཐོན་སྡེ་བ་དང་གསར་བརྗེའི་སྡེ་བར་ཡུལ་དངོས་སུ་རྟོག་ཞིབ་གནང་ནས། གསབ་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ཏང་གཤིས་སློབ་གསོ་དང་ལེན་བྱས་ལ། ཕྱོགས་ཡོངས་ནས་ཤང་སྡེའི་ཐོན་ལས་དང་འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་བྱེད་ཐབས་ལ་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་ལས་ཁུངས་ཀྱིས་མངག་གཏོང་བྱས་པའི་སྡེ་སྡོད་ཧྲུའུ་ཅི་དང་པོས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་བསྐྱེད་བྱེད་པར་སློབ་གསོ་མཛུབ་སྟོན་བྱེད་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་འཁྲི་འདུ་ཤེས་དང་གཟི་བརྗིད་འདུ་ཤེས། ཁག་ཁུར་འདུ་ཤེས་བཅས་དངོས་གནས་ཇེ་ཆེར་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་ཡུལ་དངོས་སུ་དོན་དངོས་ཐོག་རོགས་སྐྱོར་བྱས་ནས་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཁྲོད་དཀའ་ཁག་སེལ་བ་དང་མང་ཚོགས་དང་ཉེ་བར་བཅར་པ། ཤེས་རྒྱ་བསྐྱེད་པ་བཅས་ཀྱིས་མགྱོགས་མྱུར་ངང་ཞིང་ལས་ཞིང་སྡེའི་དེང་རབས་ཅན་གྱིས་སྔར་ལས་ལྷག་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བྱེད་པར་བྱས་རྗེས་འཇོག་དགོས།

ཀྲུང་དབྱང་ལས་ཁུངས་ཀྱིས་མངག་གཏོང་བྱས་པའི་སྡེ་སྡོད་ཧྲུའུ་ཅི་དང་ཞིང་ཆེན་རིམ་པའི་ཏང་ཨ་རྩ་འཛུགས་པུའུ་དང་ཞིང་ལས་ཞིང་སྡེ་ཐིན་གྱི་འབྲེལ་ཡོད་བློ་མཐུན472གསོ་སྦྱོང་ལ་ཞུགས་ཡོད། །


  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་གྱི་དམངས་ཕན་སྲིད་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་བ།
  • ལེ་ཚན་རྗེས་མ།:《ཞི་ཅིན་ཕིང་གི་ཤེས་ལྡན་པའི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》པར་དུ་བསྐྲུན་ནས་བཀྲམ།
  • དོ་སྣང་ཆེ་བའི་རྩོམ།