དྲ་རྒྱའི་ཁྲིམས་སྐྱོང་དྲིལ་སྒྲོག་ཞབས་ཞུ་རུ་ཁག་གི་དམིགས་བསལ་གདན་ཞུའི་འཆད་ཁྲིད་དགེ་རྒན16དངོས་སུ་གདན་ཞུ་བྱས་པ།

མདོ་སྨད་ཧེ་རུ་ཀ        2024-04-11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གིས་དྲ་རྒྱའི་ཁྲིམས་སྐྱོང་དྲིལ་སྒྲོག་ཞབས་ཞུ་རུ་ཁག་གི་དམིགས་བསལ་གདན་ཞུའི་འཆད་ཁྲིད་དགེ་རྒན་གྱི་གདན་ཞུའི་ཡི་གེ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། ཚོགས་འདུའི་ཐོག《བློ་མཐུན་ཡུས་ཕུང་ཡུན་སོགས་གདན་དྲངས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གི་དྲ་རྒྱའི་ཁྲིམས་སྐྱོང་དྲིལ་སྒྲོག་ཞབས་ཞུ་རུ་ཁག་གི་དམིགས་བསལ་གདན་ཞུའི་འཆད་ཁྲིད་དགེ་རྒན་གདན་ཞུ་བྱེད་པའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱངས་བྱས་པ་དང་འབྲེལ་དམིགས་བསལ་གདན་ཞུའི་འཆད་ཁྲིད་དགེ་རྒན16ལ་གདན་ཞུའི་ཡི་གེ་སྤྲད། 


ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་དམིགས་བསལ་གདན་ཞུ་བྱས་པའི་འཆད་ཁྲིད་དགེ་རྒན16ནང་ཏང་ཨུ་དང་སྲིད་གཞུང་གི་སྲིད་འཛིན་ལས་ཁུངས་ཀྱི་ལས་དོན་མི་སྣ་ཡོད་ལ། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭའི་བཅའ་ཁྲིམས་ཆེད་མཁས་པ་དང་མཁས་དབང་ཡང་ཡོད། དེ་མིན་དྲ་རྒྱའི་ཁྲིམས་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྲིད་ཇུས་ལ་རྒྱུས་མངའ་ཡོད་པའི་བློ་མཐུན་ཡོད་ལ། ཁྲིམས་སྐྱོང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་འཐབ་ཕྱོགས་དང་པོའི་ལས་དོན་པའང་ཡོད། འཆད་ཁྲིད་དགེ་རྒན་གྱི་དཔུང་སྡེའི་རིམ་པ་ཕུན་སུམ་ཚོགས་ཤིང་། མི་སྣ་ནི་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན། 


གདན་ཞུ་དང་ལེན་བྱེད་པའི་འཆད་ཁྲིད་དགེ་རྒན་གྱིས་རྒྱལ་དོན་གྱི་ཆེ་ཕྱོགས་སེམས་ལ་བཅངས་ནས། དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ལུགས་བཟང་པོ། དྲ་རྒྱའི་བར་མཐོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ལག་ལེན་གསར་པར་དམ་པོར་དམིགས་ནས་རང་ངོས་ཀྱི་སློབ་ཁྲིད་ཞིབ་འཇུག་བྱེད་སྒོ་སྤེལ་བ། རང་ངོས་ཀྱི་ཆེད་ལས་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་པ། ལས་ཁུངས་དང་སློབ་གྲྭ། སྡེ་ཁུལ། གྲོང་གསེབ། ཁེ་ལས་སོགས་སུ་བསྐྱོད་དེ་ཁྲིམས་སྐྱོང་བསམ་བློ་གཙོ་གནད་ཐོག་དྲིལ་སྒྲོག་དང་འགྲེལ་བཤད་བྱེད་པའི་དོན་སྙིང་གལ་ཆེན་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་དོན་གྱི་ངོ་བོ། ནང་དོན་གལ་ཆེན་བཅས་དྲིལ་སྒྲོག་བྱས་པ་མ་ཟད། གཞན་ཡང་དུས་ཚོད་གལ་ཆེན་གྱི་མཚམས་སུ་སྒྲོག་འགྲེལ་བྱས་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར། དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་སོགས་གལ་ཆེའི་དུས་གནད་དང་བྱེད་སྒོ་གལ་ཆེན་ལ་དམིགས་ནས《རྩ་ཁྲིམས》དང་།《དམངས་དོན་ཁྲིམས་གཞུང》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ།《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》《གཞི་གྲངས་བདེ་འཇགས་བཅའ་ཁྲིམས》《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》སོགས་དྲ་སྦྲེལ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་འགྲེལ་བཤད་བརྒྱབ་སྟེ་དྲ་རྒྱའི་ཁྲིམས་སྐྱོང་དྲིལ་སྒྲོག་དེ་དུས་རབས་འཕེལ་རྒྱས་དང་མཐུན་པ། དྲ་བ་བཅོས་སྐྱོང་གི་ལག་ལེན་དང་འཕྲོད་པ། དྲ་དམངས་ཀྱི་དགོས་མཁོ་དང་མཉམ་སྐྱོད་བྱེད་ཐུབ་པ་བཅས་བྱེད་དགོས།  །


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་སྒྲིག་གཞི་བཅོས་བསྒྱུར་ལས་དོན་སྐུལ་འདེད་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།