ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་སྒྲིག་གཞི་བཅོས་བསྒྱུར་ལས་དོན་སྐུལ་འདེད་གྲོས་ཚོགས་འཚོགས།

        2024-04-10

ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་གོ་རིམ་ཡོད་པས་ནན་སྐུལ། དོན་འཁྱོལ་ཇི་མ་ཇི་བཞིན་བྱས་ཏེ། རང་ཁུལ་སྒྲིག་གཞི་བཅོས་བསྒྱུར་གྱི་དམིགས་འབེན་ལས་འགན་ཕུན་སུམ་ཚོགས་པའི་ངང་འགྲུབ་པར་ཁག་ཐེག་བྱ་དགོས་ཞེས་གསུངས།

སྤྱི་ཟླ4པའི་ཚེས3ཉིན་ལ། ཁུལ་ཡོངས་ཀྱི་སྒྲིག་གཞི་བཅོས་བསྒྱུར་ལས་དོན་སྐུལ་འདེད་གྲོས་ཚོགས་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གི་གྲོས་ཚོགས་གཙོ་སྐྱོང་དང་གསུང་བཤད་གནང་། ཁོང་གིས་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྒྲིག་གཞི་བཅོས་བསྒྱུར་སྐོར་གྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཅིང་། ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་གོ་རིམ་ཡོད་པས་ནན་སྐུལ། དོན་འཁྱོལ་ཇི་མ་ཇི་བཞིན་བྱས་ཏེ། རང་ཁུལ་སྒྲིག་གཞི་བཅོས་བསྒྱུར་གྱི་དམིགས་འབེན་ལས་འགན་ཕུན་སུམ་ཚོགས་པའི་ངང་འགྲུབ་པར་ཁག་ཐེག་བྱ་དགོས་ཤིང་། དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྒྲིག་སྲོལ་དང་ནང་སྲོལ་གྱི་འགན་སྲུང་སྟོབས་དང་ལྡན་པ་གདོན་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་གྲོས་ཚོགས་སུ་ཞུགས་ཡོད།

ཧྲེན་དབྱང་གིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཁག་གིས་སྒྲིག་གཞི་སྒྲིག་ཁོངས་དང་སྒྲིག་གཞི་བཅོས་བསྒྱུར་ལས་དོན་གྱི་ཆབ་སྲིད་རང་བཞིན་གསལ་པོ་ཁོང་དུ་ཆུད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྒྲིག་གཞི་བཅོས་བསྒྱུར་སྐོར་གྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཅིང་། བཅོས་བསྒྱུར་ལ་སྐུལ་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་ཞིང་། ཐེངས་འདིའི་སྒྲིག་གཞི་བཅོས་བསྒྱུར་གོ་སྐབས་སུ་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཁྱབ་ཁོངས་གཙོ་བོ་དང་གནད་འགག་ཐུག་སའི་བཅོས་བསྒྱུར་གྱི་འགག་བརྟོལ་ཏེ། ཁོངས་གཏོགས་ཆ་ཚང་ཞིང་ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པ། འཁོར་སྐྱོད་ལས་ཕྱོད་ཆེ་བའི་སྒྲིག་གཞི་འགན་ནུས་མ་ལག་བཙུགས་ནས། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱ་དགོས།

ཧྲེན་དབྱང་གིས་བླང་བྱ་བཏོན་དོན། ལས་དོན་གྱི་གཙོ་གནད་མངོན་པར་གསལ་བ་དང་ལས་དོན་གྱི་བླང་བྱ་ཁོང་དུ་གནད་འཁེལ་པོ་ཆུད་པའི་སྒོ་ནས་སྒྲིག་གཞི་བཅོས་བསྒྱུར་བྱ་དགོས། ཡུལ་བབ་དང་བསྟུན་པ་མངོན་པར་གསལ་བ་དང་ཁྱབ་ཁོངས་གཙོ་བོའི་སྒྲིག་གཞིའི་འགན་ནུས་ལེགས་སུ་བསྒྱུར་དགོས། གོང་འོག་ཧ་ལམ་འོས་ཤིང་འཕྲོད་པའི་རྩ་དོན་ལྟར། དངོས་སུ་བཙུགས་པའི་སྒྲིག་གཞི་དང་འགན་ནུས་བཀོད་སྦྱོར་དང་བསྟུན་ནས་གོང་འོག་ཁྱབ་སྦྲེལ་ཐུབ་པ་དང་ལག་ལེན་ནུས་པ་ཡོད་པ་ཁག་ཐེག་བྱ་དགོས། ལས་ཕྱོད་ཆེ་ལ་ཞིབ་ཚགས་པ་མངོན་པར་གསལ་བ་དང་སྲིད་འཛིན་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་མུ་མཐུད་དེ་མཐར་ཕྱིན་བྱ་དགོས། སྔར་ལྷག་གིས་འགན་འཁྲི་མཐུན་སྒྲིག་དང་དཔུང་སྡེ་ཟླ་སྒྲིལ། རིམ་གྲས་སྟུང་བ། སྟོབས་ཤུགས་གཞི་རིམ་དུ་ཕྱོགས་པ་བཅས་ཀྱི་སྒོ་ནས་གཅིག་གྱུར་ཚད་ལྡན་དང་འགན་དབང་ཁ་གསལ། འཁོར་སྐྱོད་བདེ་མོ། ལྟ་སྐུལ་ནུས་ཡོད་ཡིན་པའི་སྲིད་འཛིན་ཁྲིམས་འཛིན་མ་ལག་འཛུགས་པར་བསྐུལ་དགོས། ནུས་པ་སྤྲོད་ཅིང་ཁུར་པོ་གཅག་པ་མངོན་པར་གསལ་བ་དང་། ཡུལ་གྲོང་དང་ཁྲོམ་གཞུང་གི་སྒྲིག་གཞི་དོ་དམ་ནང་སྲོལ་འཐུས་ཚང་དུ་གཏང་དགོས། གཞི་རིམ་དམ་དུ་འཛིན་པའི་ཁྲིད་ཕྱོགས་མངོན་པར་གསལ་བ་དང་། ཏང་ལེགས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ཞབས་ཞུ། དུས་བདེ་ཁྲིམས་སྐྱོང་སོགས་འགན་ནུས་གཙོ་བོར་དམིགས་ནས། ཡུལ་གྲོང་དང་ཁྲོམ་གཞུང་གི་ནང་བཀོད་སྒྲིག་གཞི་ལེགས་སུ་གཏོང་བ་དང་། གཞི་རིམ་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་ཞིང་གཞི་རིམ་གྱི་བཅོས་སྐྱོང་ཕན་འབྲས་ཆེ་རུ་གཏང་དགོས། ཚན་རིག་དང་མཐུན་ཞིང་གཅིག་གྱུར་འཆར་འགོད་བྱེད་པ་མངོན་པར་གསལ་བ་དང་སྒྲིག་ཁོངས་གི་མི་སྣ་བཀོད་སྦྱོར་དོ་དམ་ལེགས་སུ་གཏོང་བ་དོན་ལ་འཁྱོལ་དགོས། ཡུལ་དུས་དང་དོན་དངོས་ལ་བསྟུན་པ་རྒྱུན་འཁྱོངས་ཤིང་། སྒྲིག་གཞིའི་སྒྲིག་ཁོངས་ཀྱི་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྦྱོར་བྱེད་ཅིང་། ཁྱབ་ཁོངས་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་ནུས་ཚད་དཔོག་ཁ་གསལ་བཟོ་ཞིང་། དོན་གྲོས་མཐུན་སྦྱོར་སྒྲིག་གཞི་ཁུར་བསྡུ་ལེགས་སུ་བསྒྱུར་ཏེ། སྒྲིག་ཁོངས་ཐོན་ཁུངས་ཀྱི་རམ་འདེགས་ཕན་འབྲས་གང་ལེགས་ཐོན་པ་བྱ་དགོས།

ཧྲེན་དབྱང་གིས་བླང་བྱ་བཏོན་དོན། ལས་དོན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པའི་སྒོ་ནས་སྒྲིག་གཞི་བཅོས་བསྒྱུར་བྱ་དགོས། ལས་འགྲོས་ལ་སྤྱི་འདོམས་སྟངས་འཛིན་བྱས་ཏེ་དུས་ཐོག་ལེ་ལག་ཆ་འགྲིག་སྲིད་ཇུས་ཞིབ་འཇུག་གཏན་འབེབས་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། བཅོས་བསྒྱུར་གྱི་འཆར་རིས་དང་དུས་རེའུ་ཁ་གསལ་བཟོ་བ། ལས་ཡུན་ལྡོག་ནས་འགོད་པ། འཆར་གཞི་ལྟར་ལས་དོན་བསྒྲུབས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་བཀོད་སྒྲིག་དོན་ཐོག་ནན་པོ་མཐའ་གཅིག་ཏུ་འཁྱོལ་ཐུབ་པ་བྱ་དགོས། ཐོག་མཐའ་བར་གསུམ་དུ་བརྟན་པོའི་བསམ་གཞི་མཐའ་གཅིག་ཏུ་རྒྱུན་འཁྱོང་དགོས་ཤིང་། སྔོན་ནས་བཙུགས་ཤིང་རྗེས་ནས་གཏོར་བ་དང་མ་བཙུགས་ན་མི་གཏོར་བའི་རྩ་དོན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་ཅིང་། གནད་འགག་ཐུག་ས་དམ་དུ་བཟུང་སྟེ།   སྲིད་ཇུས་ལུགས་དང་མཐུན་ཞིང་གོ་རིམ་ཁྲིམས་དང་མཐུན་པ། བཀོལ་སྤྱོད་སྒྲིག་སྲོལ་དང་མཐུན་པ་ཁག་ཐེག་བྱ་དགོས། བསམ་བློ་སྣེ་ཁྲིད་ལ་ཤུགས་སྣོན་པ་དོ་སྣང་བྱེད་པ་དང་། ལས་བྱེད་པ་ཚོར་སྲིད་དོན་བྱས་རྗེས་འདུ་ཤེས་ཡང་དག་པ་བརྟན་པོར་བཅང་བ་དང་དུས་ཐོག་སྤྱི་ཚོགས་ཀྱི་དོ་ཁུར་ལ་བརྡ་ལེན་འཇལ་བ། སྲོལ་གཙང་ལུགས་དྲང་གི་བཅོས་བསྒྱུར་ཁོར་ཡུག་བསྐྲུན་གང་ཐུབ་བྱ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱ་དགོས།

ཧྲེན་དབྱང་གིས་ནན་གསུང་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་མཐར་ཕྱིན་བྱེད་པ་ནི་རྒྱུད་རིམ་ལྡན་པའི་འདུ་འགོད་རྙོག་དྲ་ཅན་ཞིག་ཡིན། རིམ་ཁག་དང་སྡེ་ཁག་གིས་ཁུལ་ཡོངས་ཀྱི་སྒྲིག་གཞི་བཅོས་བསྒྱུར་བསམ་ཇུས་གཅིག་གི་བསམ་བློ་འདུ་ཤེས་བརྟན་པོར་བཅང་དགོས་ཤིང་། ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་དང་ལས་དོན་གྱི་སྒྲིག་ལམ་དམ་ཞིང་ནན་པོ་བཟོ་བ། རྣམ་པ་གསར་རྐྱང་མངོན་པར་བྱས་ཏེ། སྒྲིག་གཞི་བཅོས་བསྒྱུར་ལས་དོན་ཐོག་མཐའ་བར་གསུམ་དུ་བཅོས་བསྒྱུར་ཁྲིད་ཕྱོགས་སུ་འཛིན་པ་མངོན་གསལ་ཐུབ་པ་དང་ནམ་ཡང་སྤྱི་ཁོག་ཧྲིལ་པོ་ནས་སྐུལ་འདེད་ཐུབ་པ། སྒྲིག་ལམ་དང་ལྟ་སྐུལ་དམ་ནན་མཐའ་གཅིག་ཏུ་བྱ་ཐུབ་པ་ཁག་ཐེག་བྱས་ཏེ། བཅོས་བསྒྱུར་ལ་རྒྱབ་སྐྱོར་དང་བཅོས་བསྒྱུར་ལ་བརྩི་སྲུང་། བཅོས་བསྒྱུར་ལ་སྐུལ་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཀྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབད་པས་བྲི་དགོས།

ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་མཱ་ཁྲང་ཞིན་གྱིས《དཀར་མཛེས་ཁུལ་གྱི་སྒྲིག་གཞི་བཅོས་བསྒྱུར་འཆར་གཞི》བསྒྲགས་པ་རེད།

འབྲེལ་ཡོད་ཁུལ་མགོ་ཁྲིད་དང་འགན་ཁུར་མི་སྣ་གྲོས་ཚོགས་སུ་ཞུགས་ཡོད།།

( སྐལ་ཐུབ་ཀྱིས་བསྒྱུུར།)


  • ལེ་ཚན་སྔོན་མ།:《བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།