རྒྱལ་ཁབ་སྨན་བཅོས་འགན་སྲུང་རོགས་སྐྱོར་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་གྱུར་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2024-04-08

ཟླ4པའི་ཚེས5ཉིན། གསར་འགོད་པས་ཚོང་དོན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱི་གདན་ཞུས་ལྟར། ཚོང་དོན་པུའུ་རྒྱལ་སྤྱིའི་ཉོ་ཚོང་གྲོས་མོལ་གྱི་འཐུས་མི་དང་པུའུ་ཀྲང་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་ཧྲོའུ་ཝུན་གྱིས། ཟླ4པའི་ཚེས2ཉིན་ནས་ཚེས5ཉིན་བར་ཨ་མེ་རི་ཁར་འཚམས་འདྲི་བྱས་ནས། ཨ་མེ་རི་ཁའི་ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ལཱ་ཀི་དང་མཉམ་དུ། ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་དོན་བྱ་བའི་ཚན་ཁག་གི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།

ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་ཨ་མེ་རི་ཁའི་ཅིའུ་ཅིན་ཧྲན་དུ་མཇལ་འཕྲད་གནང་བ་ལས་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དང་། ཉེ་ལམ་ཁ་པར་གྱི་ལམ་ནས་ཕན་ཚུན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ཏེ། རང་རང་སོ་སོས་དོ་ཁུར་བྱེད་ཀྱིན་པའི་ཚོང་དོན་སྲིད་ཇུས་ཀྱི་གནད་དོན་དང་དེ་བཞིན་རྒྱལ་ཁབ་གཉིས་ཀའི་བཟོ་ཚོང་ལས་རིགས་ཀྱིས་བཏོན་པའི་ཚོང་ལས་གནད་དོན་དངོས་ལ་ལུགས་མཐུན་ཚུལ་མཐུན་དང་ཆེད་ལས་དངོས་གཉེར་ཀྱི་སྒོ་ནས་འབྲེལ་གཏུག་གང་ལེགས་བྱས།

ཝང་ཧྲོའུ་ཝུན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་ཅིའུ་ཅིན་ཧྲན་དུ་རྒྱལ་ཁའི་ངང་མཇལ་འཕྲད་གནང་བ་དེས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཉེ་དུས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཕན་ཚུན་བར་ཁ་པར་བཏང་ནས། ཕྱོགས་གཉིས་ཀའི་བྱ་བའི་ཚན་ཁག་གིས་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་གྲོས་མོལ་ལམ་སྲོལ་ལ་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་ཡོད།  ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ངོས་ནས་བཤད་ན། བརྟན་བརླིང་གི་སྟོབས་ཤུགས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་གང་ལེགས་བྱེད་རྒྱུ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་དོན་བྱ་བའི་ཚན་ཁག་བར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། མཉམ་ལས་བྱེད་རྒྱ་ཇེ་ཆེར་གཏོང་བ། འགལ་ཟླར་དོ་དམ་ཚོད་འཛིན་བྱེད་པ་བཅས་བརྒྱུད་དེ། རྒྱལ་ཁབ་གཉིས་ཀའི་ཁེ་ལས་ཀྱི་ཚོང་དོན་དངུལ་གཏོང་མཉམ་ལས་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་འདོད་ཡོད་ཅེས་བསྟན། ཝང་ཧྲོའུ་ཝུན་གྱིས་ཨ་མེ་རི་ཁས་ཀྲུང་གོར301གི་སྒོ་ཁྲལ་བསྡུ་བ་དང་དེ་འབྲེལ་གྱི་ལས་དོན་ལ་བརྟག་དཔྱད་རེ་ཞུ་རྒྱག་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྤྱི་ལ་ཁྱབ་པ། ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱེད་པ། ཚོང་དོན་རྒུད་སྐྱོབ་ཀྱི་བརྟག་དཔྱད་སྒྲིག་སྲོལ་བཟོ་བཅོས་བྱེད་པ། ཕྱོགས་གཉིས་ཀའི་དངུལ་གཏོང་ལ་ཚོད་འཛིན་བྱེད་པ། ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་དྲང་གཞག་གི་ལྟ་སྟངས་མི་འཛིན་པ་སོགས་གནད་དོན་གཙོ་བོའི་ཐད་སེམས་ཁུར་བྱེད་ཀྱིན་པའི་ཚུལ་བསྟན།

རྒྱལ་ཁབ་གཉིས་ཀའི་ཚོང་དོན་པུའུ་ཡིས་ཕྱོགས་གཉིས་ཀའི་ཁེ་ལས་བར་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཁེ་ལས་ཀྱིས་གནད་དོན་ལ་དོ་ཁུར་བྱེད་པའི་ཐད་ནས་གྲོས་བསྡུར་བྱེད་འདོད་ཡོད་པ་དང་། ཕྱོགས་གཉིས་ཀས་མཉམ་དུ་ཉོ་ཚོང་དངུལ་གཏོང་ལ་སྐུལ་འདེད་གཏོང་བའི་བྱེད་སྒོར་འགོ་འཛིན་བྱས་ནས། བྱེད་སྒོའི་ཁྲོད་དུ་འགྲེམས་ཚོགས་དང་ངོ་འཕྲད་ཚོང་གཏམ་གྲོས་ཚོགས། ཀྲུང་གོ་དང་ཅ་ཀྲོའུ་ཡི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས། དེ་བཞིན་ནུས་ཁུངས་གཙང་མའི་ལག་རྩལ་དང་བུད་མེད་ཀྱི་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བཅས་ཚུད་ཡོད། ཐོན་ལས་ལས་རིགས་ཀྱིས་དོ་ཁུར་བྱེད་ཀྱིན་པའི་ཞིབ་ཕྲའི་ཚད་གཞིའི་གནད་དོན་ཐད་གྲོས་བསྡུར་བྱ་རྒྱུར་ཤུགས་སྣོན་རྒྱུ་དང་། ཚོང་དོན་སྟབས་བདེ་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་འཚོལ་ཞིབ་བྱེད་པ། ཕྱིར་གཏོང་དོ་དམ་གྱི་ཆ་འཕྲིན་བརྗེ་རེས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས། ཕྱིར་གཏོང་དོ་དམ་ཁྱབ་ཁོངས་ཀྱི་འབྲེལ་གཏུག་བརྗེ་རེས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱི་གདན་ཞུས་ལྟར། ལཱ་ཀི་ཡིས2024ལོའི་ལོ་སྨད་དུ་ཚན་ཁག་གི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་དོན་བྱ་བའི་ཚན་ཁག་གི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་གཉིས་པར་མཉམ་དུ་འགོ་འཛིན་བྱ་རྒྱུ་བྱས།

ཨ་མེ་རི་ཁར་འཚམས་འདྲི་བྱེད་རིང་། ཝང་ཧྲོའུ་ཝུན་གྱིས་ད་དུང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། རྒྱལ་ཁོངས་བདེ་འཇགས་པུའུ། ཚོང་དོན་པུའུ་བཅས་ཀྱི་འབྲེལ་ཡོད་དཔོན་རིགས་ལ་ཐུག་འཕྲད་གྲོས་མོལ་བྱས་པར་མ་ཟད། ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་ཇུས་འདོན་ཚོགས་པའི་མཁས་པ་དང་མཉམ་དུ་བརྗེ་རེས་གང་ལེགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།


  • ལེ་ཚན་སྔོན་མ།:རླངས་འཁོར་གྱི་དངུལ་བུན་སྲིད་ཇུས་ལེཊ་སྒྲིག་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།