དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་བཏང་འདུག

    མི་དམངས་དྲ་བ་ནས་དྲངས།    2024-04-02

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་4ཚེས་1ཉིན་གྱི་ཆུ་ཚོད་06པར་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་མུ་མཐུད་བཏང་གསལ་དུ། 

     སྔོན་དཔག་བྱས་ན། ཟླ་4ཚེས་1ཉིན་གྱི་ཆུ་ཚོད་08པ་ནས་ཚེས་2ཉིན་གྱི་ཆུ་ཚོད་8པ་བར། ཧོ་ནན་གྱི་ལྷོ་རྒྱུད་དང་། ཨན་ཧུའེ་ཡི་ནུབ་རྒྱུད་དང་ལྷོ་རྒྱུད། ཅང་སུའུ་ཡི་ལྷོ་ནུབ་རྒྱུད། ཧུའུ་པེ་ཡི་ཤར་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཅང་ཞིའི་དབུས་རྒྱུད། ཧྥུ་ཅན་གྱི་ནུབ་རྒྱུད། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་ཡིན་པ་དེའི་ནང་ཨན་ཧུའེ་ཡི་ལྷོ་རྒྱུད་དང་། ཧུའུ་པེའི་ཡི་ཤར་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་ཤར་རྒྱུད། ཅང་ཞིའི་བྱང་རྒྱུད། ཧྥུ་ཅན་གྱི་ནུབ་རྒྱུད་སོགས་སུ་དྲག་ཆར་ཆེན་པོ་(ཧའོ་སྨི་100ནས་120བར་)འབབ་རྒྱུ་རེད། གོང་གི་ས་ཁུལ་ཁ་ཤས་སུ་དུས་ཡུན་ཐུང་ངུའི་ནང་ཆར་ཆུ་དྲག་པོ་འབབ་པའི་གནམ་གཤིས་བསྟན་རྒྱུ་རེད།(ཆར་ཆུ་ཆེས་ཆེ་བའི་དུས་སུ་འབབ་ཚད་ཧའོ་སྨི30ནས50བར་དང་། ས་ཆ་ཁ་ཤས་སུ་ཧའོ་སྨི70ལས་བརྒལ་སྲིད།)ས་ཆ་ཁ་ཤས་སུ་གློག་འཁྱུག་ཐོག་རྒྱག་དང་རླུང་ཆེན་ལྡང་བ་སོགས་ཀྱི་གཏད་རྒྱུག་གནམ་གཤིས་བསྟན་རྒྱུ་རེད།
     འགོག་སྲུང་ཕྱོགས་སྟོན། 
     གཅིག སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་གཞིར་བཟུང་། དྲག་ཆར་སྔོན་འགོག་གི་གྲ་སྒྲིག་ལས་དོན་ཡག་པོར་སྒྲུབ་དགོས། 
     གཉིས། སློབ་གྲྭ་དང་བུ་བཅོལ་ཁང་གིས་བྱེད་ཐབས་འཚམ་པོར་སྤྱད་ནས། སློབ་མ་དང་བྱིས་པའི་བདེ་འཇགས་ལ་འགན་ལེན་བྱེད་དགོས། 
     གསུམ། ཁ་ལོ་བས་གཞུང་ལམ་དུ་ཆུ་གསོག་དང་འགྲིམ་འགྲུལ་འགག་པ་སོགས་ལ་དོ་སྣང་བྱས་ཏེ། བདེ་འཇགས་ལ་འགན་ལེན་བྱེད་དགོས། 
     བཞི། གྲོང་ཁྱེར་དང་། ཞིང་ཁ། ཉ་གསོའི་རྫིང་བུ་བཅས་ཀྱི་ཆུ་འབུད་མ་ལག་ལ་ཞིབ་བཤེར་བྱས་ཏེ། འཁྱིལ་ཆུ་ཕྱིར་འབུད་གྱི་གྲ་སྒྲིག་ཡག་པོར་བྱེད་དགོས།


  • ལེ་ཚན་སྔོན་མ།:《ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》དཔེ་སྐྲུན་འགྲེམས་སྤེལ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།