ཕྱོགས་བསྡོམས་ནན་ཏན་དང་བསླབ་བྱ་དང་བླངས། ནན་འགོག་བཀག་སྡོམ་རྒྱུན་འཁྱོངས་ནས་ནགས་རྩྭར་མེ་སྐྱོན་ཤོར་བར་མཐའ་གཅིག་ཏུ་འགོག་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་ཡོང་བར་ཤུགས་ཡོད་རྒུས་བསྲུང་དགོས།

( ལྷ་འཛོམས་ཀྱིས་བསྒྱུར།)        2024-04-03

སྤྱི་ཟླ3པའི་ཚེས28ཉིན་ལ།ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་མེ་ཟོན་མེ་གསོད་ལས་ཀའི་བཀོད་གཏོང་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་འགན་བཞེས་ཤིང་གསུང་བཤད་གནང་། ཁོང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་རྩྭ་མེ་ཟོན་མེ་གསོད་ལས་ཀའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ། མཐིལ་ཚད་ཀྱི་བསམ་བློ་དང་མཐར་ཐུག་པའི་བསམ་སྟངས་བརྟན་པོར་འཛིན་ཅིང་། ཚེ་སྲོག་གཙིགས་སུ་འཛིན་པ་དང་ཉེན་མེད་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་ནས་ཕྱོགས་བསྡོམས་ནན་ཏན་དང་བསླབ་བྱ་ཟབ་པོ་དང་དུ་བླངས་ཤིང་། ནན་འགོག་བརྟན་སྲུང་རྒྱུན་འཁྱོངས་ནས་ནགས་རྩྭ་མེ་སྐྱོན་ཤོར་བར་མཐའ་གཅིག་ཏུ་བཀག་སྡོམ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་ཡོང་བར་ཤུགས་ཡོད་རྒུས་འཚོ་སྲུང་བྱ་དགོས་ཞེས་གསུངས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་གྲོས་ཚོགས་སུ་ཞུགས་ཤིང་ཁུལ་ཡོངས་ཀྱི་ནགས་རྩྭ་མེ་ཟོན་མེ་གསོད་ལས་ཀར་བཀོད་སྒྲིག་གནང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་གྲོས་ཚོགས་སུ་ཞུགས་ཡོད།

ཧྲེན་དབྱང་གིས་གསུངས་དོན། དེང་སྐབས་སུ་ཁུལ་ཡོངས་ཀྱི་ས་གནས་ཁག་ལ་ནགས་རྩྭ་རི་མེ་ཤོར་ཉེན་ཆེ་བའི་དུས་སྐབས་སུ་སླེབས་པས། འགོག་ཟོན་གནས་བབ་ཛ་དྲག་ཡིན་ཞིང་རྙོག་རྫབ་ཆེ་བས། རིམ་པ་ཁག་དང་སྡེ་ཁག་སོ་སོས་སྔོན་འགོག་བྱ་རྒྱུ་གཙོ་གྲས་སུ་བཞག་ནས་གནོད་སྐྱོབ་ལས་འགོག་ཟོན་གལ་ཆེ་བའི་འདུ་ཤེས་བརྟན་པོར་འཛིན་ཅིང་། སྔོན་འགོག་སྔ་ཙམ་བྱེད་པ་དང་མེ་སྐྱོན་ཤེས་རྟོགས་ཐུབ་པ། མེ་སྐྱོན་ཆུང་དུས་ནས་གསོད་པ། མཆོད་འབུལ་མེ་སྤྱོད་དང་ཞིང་དོན་མེ་སྤྱོད། ཨར་པོ་རྒྱག་དུས་ཀྱི་མེ་སྤྱོད། གློག་སྐུད་ལམ་སོགས་ཁྱབ་ཁོངས་གལ་ཆེན་དུ་ལྟ་སྲུང་ཟབ་ནན་བྱས་ནས་མངོན་མེད་རྐྱེན་ངན་ཚགས་བཤེར་དང་བཅོས་སྐྱོང་བྱས་ཏེ་མིའི་དབང་གིས་ནགས་རྩྭ་མེ་སྐྱོན་ཤོར་ཚད་ཆེས་ཉུང་དུ་གཏང་དགོས།།


  • ལེ་ཚན་སྔོན་མ།:འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས།
  • ལེ་ཚན་རྗེས་མ།:བརྒྱད་ཟིལ་རྫོང་གི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།