བརྒྱད་ཟིལ་རྫོང་གི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

(བདེ་སྐྱིད་ཀྱིས་བསྒྱུར།)        2024-04-03

ཞིང་ལས་དང་རིག་གནས་ཡུལ་སྐོར་གྱི་ལས་གཞི་མང་པོར་ཡུལ་དངོས་སུ་སྒོར་དུང་ཕྱུར5.4ལྷག་གི་གན་རྒྱ་བཞག་ཡོད།

སྤྱི་ཟླ3པའི་ཚེས25ཉིན་ལ། བརྒྱད་ཟིལ་རྫོང་དང་ཆིང་པའེ་ཅང་ཆུས་ཀྱིས་མཉམ་དུ་གཉེར་བའི2024ལོའི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ཤིང་། ཁེ་ལས100ལྷག་མཉམ་དུ་འཛོམས་ནས་བརྒྱད་ཟིལ་རྫོང་གི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་མཉམ་དུ་གྲོས་བསྡུར་བྱས་པ་རེད།

འོས་སྦྱོར་ཚོགས་འདུར། བརྒྱད་ཟིལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དང་ལི་ཧྥང་ཚོགས་པ་དང་། པད་མ་རིག་གནས་འཕེལ་རྒྱས་ཚོགས་པ་སོགས་ཁེ་ལས10ལ་མཉམ་ལས་གྲོས་མཐུན་བཞག། ལྗོངས་ཁུལ་གྱི་མ་འཇོག་གཉེར་སྐྱོང་དང་བྱེས་བགྲོད་ལམ་ཐིག། སྒེར་འཁོར་ཡུལ་སྐོར་ལམ་ཐིག་གཉེར་སྐྱོང་། ཆུ་ཉ་གསོ་ཚགས། ཕག་གསོ་ཚགས་སོགས་ཞིང་ལས་དང་རིག་གནས་ཡུལ་སྐོར་གྱི་ལས་གཞི་མང་པོར་ཡུལ་དངོས་སུ་སྒོར་དུང་ཕྱུར5.4ལྷག་གི་གན་རྒྱ་བཞག་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ཁྲེང་ཏུའུ་གྲོང་ཁྱེར་ཆིང་པའེ་ཅང་ཆུས་དང་བརྒྱད་ཟིལ་རྫོང་གིས་སེམས་མཐུན་ཕྱོགས་མཐུན་དང་འབད་འབུངས་བྱས་ཏེ། མངག་གཏོང་ལས་ཁུངས་དང་སྨན་བཅོས། སློབ་གསོ་སོགས་ཀྱི་ཁ་གཏད་རོགས་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་ཁག་ཐེངས10ཡི་མི404མངགས་ནས་ལས་གཞི195ལ་རོགས་སྐྱོར་དང་སྤེལ་རེས་མཉམ་ལས་ལ་ཤུགས་བརྒྱབ་སྟེ། བརྒྱད་ཟིལ་རྫོང་གི་ལས་དོན་ཁག་དང་བྱ་གཞག་ཁག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་བསྐུལ་བ་རེད།

འོས་སྦྱོར་ཚོགས་འདུར་བརྒྱད་ཟིལ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་ཀྱི་རྫོང་དེའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཚོང་འགུགས་འོས་སྦྱོར་བྱས་པ་རེད། བྱེད་སྒོའི་ཡུལ་དངོས་སུ་བརྒྱད་ཟིལ་རྫོང་གིས་ད་དུང་ཚགས་ཤ་དང་བོད་ཕག། རི་བོང་། ཤ་མོ་སྐམ་པོ་སོགས་ཡུལ་དེ་གའི་ཁྱད་ཆོས་ཞིམ་ཟས་བཤམས་ནས་ཚོང་པ་ཚོས་ལྟ་སྐོར་དང་བྲོ་བར་མྱོང་ཆོག་པ་བྱས་ཡོད།།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་ནགས་རྩྭ་མེ་ཟོན་མེ་གསོད་ལས་ཀའི་བཀོད་གཏོང་ཚོགས་འདུར།
  • ལེ་ཚན་རྗེས་མ།:མཉམ་འགོག་མཉམ་བཅོས་ཐོག་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཁྱོན་ཡོངས་ནས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།