སྒེའུ་ཁུང་ནང་གི་རང་ཉིད།

༼ ལྡོང་འཇིགས་སྲས། ༽        2024-04-03

ངའི་སྒེའུ་ཁུང་ཕར་རྒྱབ་ནི་མུན་ནག་གི་འཇིག་རྟེན་ཞིག་ཡིན།

ངའི་སྒེའུ་ཁུང་ཚུར་ནང་ནི་སྨྲ་མི་བཏུབ་པའི་འཆར་ཡན་གྱི་ཚོར་བ་ཉི་ཚེ་བ་ཞིག་ཡིན།

ད་ནི་ལོ་མཇུག་གི་རྒྱུགས་ཆེན་རན་ལ་ཉེ། ཡིན་ཡང་ད་ལོར་ང་ལ་བཀའ་པོད་དམ་བཅའ་མེད་ལ་དཔྱད་་རྩོམ་དམ་བཅའ་ཡང་མེད། ཐ་ན་བགྲོ་གླེང་དམ་བཅའ་ཞིག་ཀྱང་མེད་དོ། །

ཉེ་བའི་ལོ་འདི་དག་ལ་ལྟ་ཚེ་ད་ལོའི་རྒྱུགས་ཆེན་ལ་དེ་ཙམ་གནོན་ཤུགས་མི་འདུག། ང་ཚོའི་འགྲོས་མྱུར་བའི་ལོ་ངོ་དགུ་ནི་དཀའ་ངལ་གྱིས་བཞུད་ཀྱང་། ད་ལྟ་བསམ་གཞིགས་ཀྱི་ཀློང་དུ་དེ་ནི་ཧ་ཅང་མགྱོགས་པའི་འཆར་ཡན་བཞིན་གང་ཞིག་ཏུ་འཕུར་སོང་སྐད། གཅིག་བྱས་ན་སེམས་ཀྱིས་ཟིན་ཚོད་ཅིག་ན་ཡང་མི་འདུག། བསམ་བཞིན་བསམས་ན། འདས་ཟིན་པའི་ལོ་ཟླ་ནི་ནག་འཐོམ་འཐོམ་གྱི་མུན་པ་དང་འདྲེས་ཏེ། མིག་ཆུ་རྒྱུན་རིང་བའི་ཆུ་ཕྲན་བཞིན་དོན་དང་མི་མཐུན་པའི་བཤད་གླེང་ལ་དུས་ཀྱི་དྲི་ངད་ཆགས་ཤིང་གདུག་རྩུབ་ཀྱི་མེ་རི་འཕྱུར། སླད་མར་ང་ཉིད་ལ་ཡིད་ཆེས་དང་བདེན་པ་ཟེར་བའི་ཐ་སྙད་འདོགས་ཕྱིར་སུ་དང་གང་ལ་ཡང་མི་འདྲ་བ་ཚོར་བའི་ར་བར་འཛུལ་ཏེ་ཉི་ཟླ་ལ་ཁྲེལ་གཞུང་བཅོལ། སེམས་ཁོང་དུ་སྒོམ། ཚོར་བ་ཉི་ཚེ་བ་ཞིག་རྒྱ་ཡན་དུ་ཤོར་སོང་བ་ལྟ་བུའི་ཉིན་མཚན་རེས་མོས་སུ། ངུ་སྐད་ཀྱི་དབྱངས་རྟ་ལ་ལུས་སེམས་ཀྱི་དུས་ཚོད་གླན་ཅིང་རང་སེམས་ཀྱི་སྐད་ཆ་མཐའ་དག་གླེང་བར་བྱས། མཚན་མོ། མཚན་མོ་ནི་ཧ་ཅང་ལྷིང་ཞིང་འཇགས་ཏེ་མཛེས་སྡུག་གི་ཟླ་བ་ཁོ་ན་མིག་སྔར་འཛུམ་སྟེ་ངའི་རང་སེམས་ཀྱི་སྐད་ཆ་ལ་ཉན་པར་བྱེད། རིམ་བཞིན་ང་རང་ཟླ་འོད་འོག་ཏུ་གླུ་ལེན་བར་དགའ་མཁན་ཞིག་ཏུ་ཆགས་ཤིང་ཟླ་བ་ཡང་ཁུ་སིམ་གྱིས་ངའི་གླུ་དབྱངས་ལ་ཉན་པར་སྤྲོ། ད་དུང་ང་ནི་ཟླ་འོད་འོག་ཏུ་ཚོར་བ་བླ་ལྷག་ཐོན་པའི་སྙན་ངག་དག་གྱེར་བར་ཧ་ཅང་དགའ། དེ་འདྲའི་སྙན་ངག་གིས། ང་ཡང་ཞིང་ཁམས་གཞན་ཞིག་ཏུ་ཁྲིད་འགྲོ་ལ་ང་ལ་རང་དབང་ཟེར་བའི་ཐ་སྙད་དེས་ནང་དོན་དག་ཡོངས་སུ་ཤེས་སུ་བཅུག། ངོ་མ་ལོ་འདི་དག་བསམས་ན་ངའི་ཞེ་རྩ་ན་ཁྲག་རྒྱུན་ཁག་ཅིང་། ཁོང་ཁྲོ་ལྟ་བུའི་མེ་ལྕེ་ས་ཆེན་དུ་ཁྱབ་ཅིང་སེམས་ཀྱི་ནགས་ཚལ་དུ་རང་གཞན་ཀུན་པོར་དྲི་ནག་གི་ཉེས་བྱས་ཆེན་པོ་ཞིག་བསྒོས། ཡང་ཡང་སྨོན་ལམ་བཏབ་མྱོང་ཕྱིར་མགོ་ཐོག་གི་སྤྲིན་ནག་ཕྱོགས་སུ་ཡལ་ལ་ཞི་འཇགས་ཀྱི་གངས་རི་མིག་མདུན་དུ་མངོན། གངས་རི་འདི་ཕྱི་དཀར་ནང་དཀར། མཚར་སྡུག་གི་གཟི་འོད་གངས་ལྗོངས་འདིའི་སྤོ་རུ་འཚེར། གངས་འདབས་སུ་འཚོ་བ་རོལ་བཞིན་པའི་ཕ་མ་དྲིན་ཅན་ལ་བསམས་ན་ཡང་། ངའི་ད་དུང་ཡིད་ཆེས་དང་རེ་བ་ལ་རྒྱབ་ཀྱིས་ཕྱོགས་ག་ལ་འོས། ང་རང་འབྲོང་ཐང་ལྷད་མེད་ཅིག་ཏུ་ནར་སོན་པས་ང་ལ


  • ལེ་ཚན་སྔོན་མ།:ངས་གསོས་པའི་ཁྱི་ཕྲུག་བརྒྱད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།