ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་ཚོགས་འདུའི་དྲུང་ཡིག་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཧ་སག་སི་ཐན་གྱི་ཨ་སི་ཐ་ནཱ་རུ་འཚོགས།

    ཞིན་ཧྭ་གསར་འགྱུར་དྲ་བ།    2024-04-08

ས་དེའི་དུས་ཚོད་ཟླ4པའི་ཚེས3ཉིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་ཚོགས་འདུའི་དྲུང་ཡིག་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཧ་སག་སི་ཐན་གྱི་ཨ་སི་ཐ་ནཱ་རུ་འཚོགས་པ་དང་། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཝང་ཞའོ་ཧུང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་ཁག་དང་མཉམ་དུ། གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས། འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ཧུར་ཐག་གིས་ལག་བསྟར་བྱས་ཏེ། “ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གང་ལེགས་གཏོང་རྒྱུ་དང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཕན་ཚུན་རོགས་རེས་རྒྱུན་འཁྱོངས་དང་མཐུན་སྒྲིལ་ཡིད་རྟོན་ལ་སྲུང་སྐྱོབ་བྱེད་པ། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་དང་ཐུན་མོང་དར་རྒྱས་ཡོང་བར་བྱེད་པ། འཇིགས་སྐུལ་ལ་ངོ་རྒོལ་དང་དངོས་སྒྲུབ་མཉམ་ལས་ཟབ་སྤེལ་བྱེད་པ། ཚན་རྩལ་ལ་བརྟེན་ནས་ནུས་པ་འདོན་རྒྱུར་ཤུགས་སྣོན་པ། ནག་ཉེས་གསོག་སྟངས་གསར་པར་ཁ་གཏད་འཇལ་བ། ཁོངས་གཏོགས་རྒྱལ་ཁབ་བར་དུ་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་ལས་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པ།  མཉམ་དུ་ལག་གདང་སྦྲེལ་ནས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད་བྱས་རྗེས་བཟང་བོ་འཇོག་དགོས་ཞེས་བསྟན།

ཚོགས་ཐོག་ནས་ཟིན་བྲིས་གནད་བསྡུས་བཀོད།

བན་དེ་སྐྱབས་ཀྱིས་བསྒྱུར།


  • ལེ་ཚན་སྔོན་མ།:ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་དོན་བྱ་བའི་ཚན་ཁག་གིས་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་དང་པོ་བསྡུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།