《བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།

        2024-04-10

《བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།

ངེས་པར་དུ་མི་དམངས་གཙིགས་སུ་འཛིན་པ་རྒྱུན་འཁྱོང་དགོས།


སྤྱི་ཟླ4པའི་ཚེས1ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས7པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《ངེས་པར་དུ་མི་དམངས་གཙིགས་སུ་འཛིན་པ་རྒྱུན་འཁྱོང་དགོས། 》ཞེས་པར་བཀོད་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ལོ2012ལོའི་ཟླ་བ11པ་ནས2023ལོའི་ཟླ་བ12པའི་བར་གྱི་འབྲེལ་ཡོད་རྣམ་བཤད་ཀྱི་གཅེས་བཏུས་ཡིན།

རྩོམ་ཡིག་ནང་དུ་མི་དམངས་ནི་ལོ་རྒྱུས་ཀྱི་གསར་གཏོད་པ་ཡིན་ཞིང་མི་དམངས་ནི་དཔའ་བོ་ངོ་མ་ཡིན།  རང་རེའི་ཏང་མི་དམངས་ལས་བྱུང་ཞིང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཡོད། མི་དམངས་ལ་ཞབས་འདེགས་ཞུ་དགོས། ཏང་གི་གཞི་རྩ་མི་དམངས་ལ་ཡོད་ཅིང་། ཁྲག་རྩ་དང་སྟོབས་ཤུགས་མི་དམངས་ལ་ཡོད། མི་དམངས་ནི་རང་རེའི་ཏང་གི་སྲིད་འཛིན་གྱི་གདིང་ཤུགས་ཆེས་ཆེ་བ་ཡིན་ཞིང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་གཞི་སྲ་བརྟན་ཡིན་ལ། རང་རེའི་ཏང་དར་རྒྱལ་དར་གྱི་གཞི་རྩ་གནས་ས་ཡིན། མི་དམངས་ཀྱིས་འཚོ་བ་སྐྱིད་པོ་ལ་རེ་སྨོན་བྱེད་པ་ནི་ང་འཚོའི་འབད་འཐབ་དམིགས་འབེན་ཡིན། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་ནི་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེད་བསྐྱར་དར་ཡོང་བ་དེ་ཡིན། ཐོག་མའི་བསམ་འདུན་དང་ལས་འགན་འདི་ནི་ཀྲུང་གོ་གུང་ཁྲན་ཏང་མིས་མདུན་སྐྱོད་རྒྱུན་ཆད་མེད་པར་བྱེད་པའི་རྩ་བའི་སྒུལ་ཤུགས་ཡིན་ཞེས་ནན་པོར་བསྟན་ཡོད།

རྩོམ་ཡིག་ནང་དུ་རྒྱལ་སྲིད་ནི་མི་དམངས་ཡིན། མི་དམངས་ནི་རྒྱལ་སྲིད་ཡིན། སྲིད་འཛིན་སྲིད་སྐྱོང་ཞེས་པ་བསྐྱང་རྒྱུ་ནི་དམངས་སེམས་ཡིན། མི་དམངས་ཀྱི་ལངས་ཕྱོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་ཆབ་སྲིད་ལངས་ཕྱོགས་ཡིན་ཞིང་། མར་ཁེ་སི་རིང་ལུགས་ཀྱི་ཏང་སྲིད་ཏང་སྲིད་གཞན་དག་ལས་མི་འདྲ་བའི་ཁྱད་ཆོས་མངོན་གསལ་ཡིན། ཏང་ལ་མི་དམངས་ཀྱི་ཁེ་ཕན་ལས་རང་གི་དམིགས་བསལ་ཁེ་ཕན་གང་ཡང་མེད། ཏང་གི་ལས་དོན་ཐམས་ཅད་ནི་མི་དམངས་རྒྱ་ཆེན་གྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་སྲུང་སྐྱོང་། འཕེལ་རྒྱས་གཏོང་བའི་ཆེད་དུ་ཡིན། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོང་དགོས། མང་ཚོགས་ལམ་ཕྱོགས་ལག་ལེན་དང་མི་དམངས་ཀྱི་བྱེད་པོའི་གོ་གནས་དང་གསར་གཏོད་ཐོག་མའི་སྙིང་སྟོབས་ལ་བརྩི་བཀུར། མི་དམངས་མང་ཚོགས་དང་འོ་ཆུ་ལྟ་བའི་འབྲེལ་བ་མཐའ་གཅིག་ཏུ་སྲུང་འཛིན། མི་དམངས་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་དང་སེམས་པ་གཅིག་མཐུན། མི་དམངས་ཀྱི་བསམ་བྱ་བསམ་ཞིང་མི་དམངས་ཀྱི་རེ་མངགས་ལག་ལེན་དུ་བསྟར་ནས། མི་དམངས་ཀྱིས་འཚོ་བ་སྐྱིད་པོར་རེ་སྨོན་བྱེད་པ་དེ་རྒྱུན་ཆད་མེད་པར་མངོན་དུ་བསྒྱུར་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་དུ་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པར་མི་དམངས་ནི་ཐག་གཅོད་རང་བཞིན་གྱི་སྟོབས་ཤུགས་ཡིན། ངེས་པར་དུ་མི་དམངས་ཡོངས་རྫོགས་མཉམ་དུ་ཞུགས་པ་དང་མཉམ་དུ་འཛུགས་སྐྲུན། མཉམ་དུ་ལོངས་སྤྱོད་བཅས་རྒྱུན་འཁྱོང་དགོས་ཤིང་། མི་དམངས་ཡོངས་ལ་དམ་པོར་བརྟེན་ནས་ཕྱར་བ་གྲུ་འདེགས་དང་དོན་ཆེན་མཉམ་གཉེར་བྱ་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་ཞིང་མི་དམངས་ཡོངས་རྫོགས་ཀྱི་ཧུར་བརྩོན་རང་བཞིན་དང་མ་སྐུལ་དང་ལེན་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་བསླང་དགོས། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་ལེན་བསྟར་བ་དང་མི་དམངས་མང་ཚོགས་ཀྱི་དཀའ་ཁྲལ་སྐྱོ་སྒུག་གི་གནད་དོན་ཐག་ཡག་པོ་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྲུབ་འབྲས་གྱིས་མི་དམངས་ཡོངས་རྫོགས་ལ་དེ་བས་མང་ཞིང་དེ་བས་དྲང་གཞག་གི་སྒོ་ནས་ཕན་ཐོབ་ཏུ་འཇུག་ཅིང་། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འབྱོར་ཡོང་བར་སྐུལ་བའི་ཐད་དངོས་ཡོད་རང་བཞིན་གྱི་གོང་འཕེལ་རྒྱུན་ཆད་མེད་པར་ཡོང་བ་བྱ་དགོས། རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་ཆེན་མོ་ཡོང་བ་དང་རྒྱལ་ཕྱི་ནང་གི་ཀྲུང་ཧྭ་བུ་རྒྱུད་མཐུན་སྒྲིལ་ཆེན་མོ་ཡོང་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་ཞིང་། རྒྱུ་རྐྱེན་དགེ་མཚན་ལྡན་པ་ཐམས་ཅད་བསྐང་གང་ཐུབ་ཀྱི་སྒོ་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་ཞེས་བསྟན་ཡོད།།  ( སྐལ་ཐུབ་ཀྱིས་བསྒྱུར། )


  • ལེ་ཚན་སྔོན་མ།:དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་རྒྱལ་ནང་གི་ཡུལ་སྐོར་བས་ཡུལ་སྐོར་ལ་འགྲོ་སོང་གཏོང་ཚད་སྒོར་དུང་ཕྱུར་539.5ཟིན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།