ལུང་མོན་བྲག་ཕུག་ནས་རྡོ་བརྐོས་སྐུ་བརྙན་སོགས་མང་པོ་རྙེད་འདུག

    མཚོ་སྔོན་པོ་དྲ་བ་ནས་དྲངས།    2024-04-16

     ལུང་མོན་བྲག་ཕུག་ཞིབ་འཇུག་ཁང་ནས་ཟླ4ཚེས10ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ལུང་མོན་བྲག་ཕུག་ཤར་རིའི་ལེ་གུའུ་ཐའེ་ཡི་བྲག་ཕུག་ལྷོ་མ་བརྟན་བཟོ་དང་ཉམས་གསོ་སྲུང་སྐྱོབ་ལས་གྲྭར་གཞོགས་འདེགས་བྱ་ཆེད། གནའ་རྫས་རྟོག་ཞིབ་མི་སྣས་ལེ་གུའུ་ཐའེ་བྲག་ཕུག་ལྷོ་མའི་མདུན་ངོས(ནུབ་གྱང)ཁོག་གི་དངོས་པོ་གཙང་སེལ་བྱེད་སྐབས། ཤུལ་བཞག་དངོས་རྫས་སྤུས་ལེགས་མང་པོ་ཐོན་པ་མ་ཟད། རྡོ་བརྐོས་སྐུ་བརྙན་དང་འཛུགས་སྐྲུན་གྱི་ལྷུ་ལག80ལྷག་ཙམ་རྙེད་ཡོད་པ་རེད།

      ད་ཐེངས་ས་འོག་ནས་ཐོན་པའི་ཤུལ་བཞག་གི་གཙོ་བོ་ནི་རྡོ་བརྐོས་སྐུ་བརྙན་ཡིན་པ་དང་། དེར་སྟོན་པའི་དབུ་དང་། ཆ་མི་ཚང་བའི་བྱང་ཆུབ་སེམས་དཔའི་སྐུ་བརྙན། དབུའི་སྐུ། པདྨའི་ཁྲི། ཞབས་ཀྱི་ཆ་ཤས་བཅས་དང་། སྒོ་ལྟེ་ཆ་གཅིག་བཅས་ཡོད།

       ངོ་སྤྲོད་བྱས་པར་གཞིགས་ན། བྲག་ཕུག་དེ་ཐོག་མའི་དུས་སུ་བརྡིབས་པ་དང་། མདུན་གྱང་དང་བྲག་ཕུག་མདུན་དུ་བརྩིགས་པའི་སོ་ཕག གྱང་ཁོག་ནས་བུད་པའི་དངོས་རྫས། 2008ལོར་ལེ་གུའུ་ཐའེ་ཆུས་ཀྱི་བྲག་ཕུག་མདུན་གྱི་གནའ་ཤུལ་སྔོག་འདོན་དང་། དེ་བཞིན་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆའི་ནང་འཁོད་གནའ་རབས་ས་ཡོམ་ལོ་རྒྱུས་སོགས་ལ་གཞིགས་ན། གྱང་ཁོག་ཏུ་སྐུ་འདྲ་བསྡུས་པའི་བྱེད་སྤྱོད་དེ་མིང་རྒྱལ་རབས་ཀྱི་དུས་དཀྱིལ་དང་དུས་མཇུག་ཏུ་བྱུང་བ་དང་། དེའི་དམིགས་ཡུལ་གཙོ་བོ་ནི། གནའ་དུས་བྲག་ཕུག་མདུན་གྱང་ཉམས་གསོ་དང་བརྟན་དུ་གཏོང་བའི་སྐབས་སུ་གྱང་ཁོག་ཏུ་བསྡུས་པ་ཞིག་སྟེ། སོ་ཕག་དང་རྡོ་སོགས་ཀྱི་རྒྱུ་ཆ་གྲོན་ཆུང་བྱ་ཆེད་རེད།


  • ལེ་ཚན་སྔོན་མ།:2025ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་གཙོ་གནད་ཚད་གཞི་ཁག294བཟོ་བཅོས་ལེགས་གྲུབ་ཟིན་རྒྱུ་ཡིན།
  • ལེ་ཚན་རྗེས་མ།:རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་བརྒྱབ་སྟེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་དར་སྤེལ་གཏང་དགོས་ཞེས་པ་བཀོད་ཡོད།
  • དོ་སྣང་ཆེ་བའི་རྩོམ།