སྒྲིག་སྲོལ་ནན་པོ་དང་སྒྲིག་ལམ་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་འབྲི་བར་ཤུགས་ཡོད་རྒུས་སྒྲིག་ལམ་གྱི་འགན་ལེན་བརྟན་པོ་བྱ་དགོས་ཞེས་གསུངས།

ནོར་བུས་བསྒྱུར།        2024-04-24

སྤྱི་ཟླ4པའི་ཚེས17ནས19ཉིན་བར། ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་དར་མདོར་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དཔེ་ཀློག་འཛིན་གྲྭར་ཞུགས་པ་དང་འབྲེལ་ངོས་འཛིན་དང་མྱོང་ཚོར་སྐོར་གླེང་བ་རེད། ཁོང་གིས་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་།《ཏང་ཡོངས་སུ་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་ཐོ》ཡི་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱར་གཞིགས་ནས་སྒྲིག་ལམ་སྦྱོང་ཤེད་དམ་སྲུང་གི་ཐད་མུ་མཐུད་དེ་འབད་བརྩོན་བྱས་ཏེ་སྒྲིག་ལམ་ནན་པོ་དང་། སྒྲིག་ལམ་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་འབྲི་བར་སྒྲིག་ལམ་གྱི་འགན་ལེན་བརྟན་པོ་མཁོ་འདོན་བྱ་དགོས་ཞེས་ནན་གསུང་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་བཅས་དཔེ་ཀློག་འཛིན་གྲྭར་ཞུགས་པ་རེད།

ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭས་མི་སྒེར་གྱིས་རང་སྦྱོང་དང་། ཆེད་དོན་ཟུར་ཁྲིད། ཚོ་བགོས་སློབ་སྦྱོང་། སྤེལ་རེས་ཞིབ་བསྡུར་བཅས་ཟུང་དུ་སྦྲེལ་བའི་བྱེད་སྟངས་སྤྱད་དེ《ཏང་གི་རང་ངོས་གསར་བརྗེའི་སྐོར་གླེང་བ》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག》སོགས་ཀྱི་ནང་དོན་རེ་རེ་བཞིན་སློབ་སྦྱོང་བྱས་པ་རེད།

ཧྲེན་དབྱང་གིས་ངོས་འཛིན་དང་མྱོང་ཚོར་སྐོར་གླེང་སྐབས་ཏང་གི་སྒྲིག་ལམ་ནི་ཏང་གི་སྲོག་རྩ་ཡིན་པ་དང་། སྒྲིག་ཁྲིམས་ནན་པོ་ནི་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་དམིགས་བསལ་གྱི་ལེགས་ཆ་ཞིག་ཡིན། ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཚན་ཁག། ཏང་མི་ལས་བྱེད་པས་ད་ཐེངས་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ་ཏང་གི་རང་ཉིད་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་ཏང་གི་སྒྲིག་ལམ་འཛུགས་སྐྱོང་ལ་ཤུགས་རྒྱག་པའི་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་ཟབ་མོ་ཡོང་བ་དང་། ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་སྲོལ་དེ་རང་ཉིད་ཀྱི་འཇིག་རྟེན་ལྟ་བའི་དད་མོས་ཀྱི་རྨང་གཞི་དང་། རིན་ཐང་ལྟ་བའི་རྩ་བའི་ཚད་གཞི། མི་ཚེའི་ལྟ་བ་བཅས་རང་རྟོགས་ཀྱིས་བརྩི་སྲུང་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་མཐུན་མཐའ་གཅིག་ཏུ་ཡོང་བར་བྱ་དགོས་ཞེས་བསྟན།

ཧྲེན་དབྱང་གིས་ཏང་ལ་ལྷག་བསམ་དཀར་བ་ནི་ཐོག་མཐའ་བར་གསུམ་དུ་ཆེས་གལ་ཆེ་དང་།ཆེས་རྩ་བ།ཆེས་གནད་འགག་བཅས་ཀྱི་སྒྲིག་ལམ་ཞིག་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་དང་། ལངས་ཕྱོགས། རྩ་བ་བཅས་ལ་དོ་དམ་བྱེད་པའི་སྤྱིའི་བླང་བྱ་ཞིག་རེད། ཐེངས་འདིའི་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོ་ནི་ཏང་ཀྲུང་དབྱང་གིས་ཏང་ལེགས་སྐྱོང་ལ་ཤུགས་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་འཕེལ་རྒྱས་ཟབ་ཕྱོགས་སུ་གཏོང་བར་སྐུལ་བའི་བཀོད་སྒྲིག་ལ་དམིགས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་བསྒྲུབ་པར་ཉམས་སད་གལ་ཆེན་ཞིག་ཀྱང་ཡིན། ངེས་པར་དུ་འགག་རྩའི་ནུས་པ་ཉུང་ཤས་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལག་ལེན་ནན་ཏན་དང་། མགོ་ཁྲིད་ཀྱི་འགན་འཁྲི་འཁུར་བ། འགན་འཁྲི་དམ་ནན་བྱ་རྒྱུ་དང་། ཇུས་འགོད་དང་བཀོད་སྒྲིག་ནན་ཏན་དང་སྒྲིག་འཛུགས་ཞིབ་ཚགས་ལག་ལེན་བསྟར་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཞི་རིམ་དུ་བསྲིང་བར་བསྐུལ་ནས་ཏང་དོ་དམ་དང་ཏང་སྐྱོང་གི་འགན་འཁྲི་དང་ལས་འགན་སྒྲུབ་སེམས་ཇེ་དྲག་ཏུ་བཏང་སྟེ་དམ་འཛིན་མཉམ་གཉེར་དང་འགན་འཁྲི་སྒྲུབ་པའི་ལས་ཀའི་ཁོར་ཡུག་ཆགས་པར་བྱ་དགོས་ཞེས་བསྟན།། 


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་རིན་པ་མི་དགོས་པར་ཞིང་པར་དཔྱིད་རྨོད་དངོས་ཟོག་ཏུན2500ལྷག་སྤྲད།
  • ལེ་ཚན་རྗེས་མ།:སྔོ་ལྗང་གྲོང་ཡུལ་རི་མོ་བཞིན་དུ་མཛེས།། སྐྱེ་ཁམས་ཕན་འབྲས་ཡར་ངོའི་ཟླ་བཞིན་རྒྱས།།
  • དོ་སྣང་ཆེ་བའི་རྩོམ།