རང་ཁུལ་ཞིང་ལས་འཕྲུལ་ཆས་ཀྱིས་དཔྱིད་རྨོད་ཐོན་སྐྱེད་ ལ་གཞོགས་འདེགས་བྱས།

( སྐལ་བཟང་རྒྱ་མཚོས་བསྒྱུར) ​        2024-04-17

    ཉེ་ཆར། གསར་འགོད་པས་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་ཁུལ་གྱི་རྫོང་(གྲོང་ཁྱེར)ཁག་གི་དཔྱིད་རྨོ་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་ཏེ་འདྲུད་འཐེན་འཁོར་ལོ་དང་། རྨོ་འཁོར། ཤལ་འཁོར། སོན་འདེབས་འཕྲུལ་འཁོར། སྐྱི་འདིང་འཕྲུལ་འཁོར་སོགས་ཞིང་ལས་འཕྲུལ་ཆས་སྣ་ཚོགས་སྤྱད་ནས་ཞིང་ལས་འཕྲུལ་ཆས་ཀྱིས་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་ཀྱི་བྱེད་ནུས་ཇེ་ཆེ་རུ་བཏང་ཡོད།

ད་ལོ་ནས་བཟུང་། ཁུལ་རྫོང(གྲོང་ཁྱེར)ཞིང་འབྲོག་ཞིང་སྡེ་སྡེ་ཚན་གྱིས“འབྲུ་གསོག་ས་ཞིང་དང་ལག་རྩལ་ལ་བཅོལ་པའི”འཐབ་ཇུས་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ། འཕྲུལ་ཆས་ཀྱི་བྱེད་ནུས་ཇེ་ཆེ་བཏང་བ། འཕྲུལ་ཆས་ཀྱིས་འདེབས་འཛུགས་དང་བརྔ་བསྡུ་བརྟེན་ནས་ཐོན་སྐྱེད་བརྟན་པོ་ཡོང་བའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་ནས། ཞིང་ལས་འཕྲུལ་ཆས་ཀྱི་ལག་རྩལ་གསར་པ་དང་འཕྲུལ་ཆས་གསར་པ་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། ཞིང་འདེབས་འཕྲུལ་འཁོར་དང་། སོན་འདེབས་འཕྲུལ་འཁོར། འགྱིག་འགེབ་འཕྲུལ་འཁོར་སོགས་ཞིང་པའི་དཔྱིད་འདེབས་རིང་མཁོ་བའི་ཞིང་ལས་འཕྲུལ་ཆས་གཙོ་གནད་ནང་འདྲེན་དང་ཁྱབ་གདལ་བཏང་ཡོད།

དུས་མཉམ་དུ་ཁུལ་དང་རྫོང་(གྲོང་ཁྱེར)གི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲུལ་ཆས་འདེབས་འཛུགས་ཀྱི་མི་འདང་སར་དམིགས་ཏེ་འཕྲུལ་ཆས་འདེབས་འཛུགས་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་ནས་ཞིང་པའི་འཕྲུལ་ཆས་པས་ཞིང་ལས་འཕྲུལ་ཆས་ལ་སྲུང་གསོ་དང་། ཚོད་བསྒྲིག། ཞིབ་བཤེར་ཞིག་གསོ་བཅས་བྱེད་པར་མཛུབ་ཁྲིད་དང་རོགས་རམ་བྱས་ཏེ་ཞིག་གསོ་ཞབས་ཞུའི་ལས་དོན་ཞིང་མུ་ཁར་སྒྲུབ་པ་དང་། འཕྲུལ་ཆས་ཡོད་པའི་ཞིང་དུད་དང་འཕྲུལ་ཆས་མེད་པའི་ཞིང་དུད་བར་ལས་སྒྲུབ་གན་རྒྱ་འཇོག་བཅུག་པ། དཀའ་ངལ་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ། ཞིང་ལས་འཕྲུལ་ཆས་དང་ལྷུ་ལག། ལས་ཀར་སྤྱོད་པའི་སྣུམ་བཅས་མཁོ་འདོན་མཐུན་སྦྱོར་ཧུར་ཐག་བྱས་ནས་དཔྱིད་རྨོ་བྱེད་རིང་ཞིང་ལས་འཕྲུལ་ཆས་ཐོན་རྫས་རྫུན་མར་རྡུང་རྡེག་བཏང་ནས་ཞིང་པའི་ཁེ་ཕན་སྲུང་བའི་ལས་དོན་ཡག་པོ་སྤེལ་བ་དང་། ཞིང་ལས་འཕྲུལ་ཆས་ལྷུ་ལག་ཁྲོམ་ར་སྤུས་གཙང་ཡོང་བ་བཅས་བྱས་ཏེ་ཞིང་པའི་འཕྲུལ་ཆས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས། གཞན་ད་དུང་གྲོང་གསེབ་ཏུ་ཞིང་ལས་རྒྱུ་ཆ་སྐྱེལ་བ་དང་ལག་རྩལ་སྤེལ་བ། འགོ་ཡག་པོ་འཛུགས་པ། ཞིང་ལས་ལག་རྩལ་པ་ཡུལ་དངོས་སུ་བསྡད་དེ་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་ལས་དོན་སྤེལ་ནས་ཞིང་ལས་ཀྱི་ཉེན་མེད་ཐོན་སྐྱེད་དམ་དུ་བཟུང་ནས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་ཡག་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

ད་སྔའི་བར། རང་ཁུལ་གྱིས་ཞིང་ལས་འཕྲུལ་ཆས་རིགས་མི་འདྲ་བ200ལྷག་ཁྱབ་གདལ་བཏང་བ་དང་།འཕྲུལ་ཆས་ཁྲི1.63ལྷག་ལ་ཞིབ་བཤེར་དང་ཞིག་གསོ་བྱས་ཡོད། འཕྲུལ་ཆས་རྨོ་འདེབས་ཀྱི་ལས་སྒྲུབ་རྒྱ་ཁྱོན་མུའུ་ཁྲི58.9དང་འཕྲུལ་ཆས་འདེབས་འཛུགས་ཀྱི་ལས་སྒྲུབ་རྒྱ་ཁྱོན་མུའུ་ཁྲི16.2ལ་ཟིན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་སྤུས་ཚད་མཐོན་པོ་ཡོང་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གང་ཐུབ་ངྲི་དགོས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་རིན་པ་མི་དགོས་པར་ཞིང་པར་དཔྱིད་རྨོད་དངོས་ཟོག་ཏུན2500ལྷག་སྤྲད།
  • དོ་སྣང་ཆེ་བའི་རྩོམ།