བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱི་དཔེ་སྟོན་རང་བཞིན་གྱི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོ་མེ་ཏོག་ཏུ་སྤེལ་བ།

    མི་དམངས་ཉིན་རེའི་ཚགས་པར།    2024-04-25

ཉེ་ཆར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ཐིང་གིས་མཉམ་དུ་གཙོ་གཉེར་བྱས་པའི“རྒྱལ་ཁབ་བདེ་འཇགས་ཆེད་དུ་ལང་ཚོ་སྐྱེས་སུ་འབུལ”ཞེས་པའི་བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱི་དཔེ་སྟོན་རང་བཞིན་གྱི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་སྤེལ་ཞིང་། རིམ་ཁག་སྡེ་ཚོགས་ཚོགས་མིའི་གཞོན་ནུའི་འཐུས་མི་70ལྷག་ཙམ་ཞུགས་ཡོད་པ་རེད།

བྱེད་སྒོའི་རིང་། གནས་དེར་བཅའ་སྡོད་དཔུང་སྡེའི་དཔོན་དམག་གིས་ཚོགས་མི་གསར་རྙིང་གི་སྣེ་ཁྲིད་དེ་མཐའ་མཚམས་སྐོར་གཡེང་གི་ལམ་དུ་ཡང་བསྐྱར་ཆས་པ་དང་། རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ཕུལ་བྱུང་འཐུས་མི་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པའི་འཐུས་མིས་དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་ཚོས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ལ་ལང་ཚོ་སྐྱེས་སུ་འབུལ་བའི་འབད་འཐབ་ཀྱི་གཏམ་རྒྱུད་བརྗོད་པ་རེད། གཏེར་ཀོང་མཐའ་མཚམས་སྐོར་གཡེང་ཞབས་ཞུའི་ས་ཚིགས་སུ་སྡེ་ཚོགས་ལ་ཞུགས་མ་ཐག་པའི་སློབ་མའི་འཐུས་མི་35དམིགས་བསལ་གྱི་དོན་སྙིང་ལྡན་པའི་ཚོགས་ཞུགས་མཛད་སྒོར་ཞུགས་པ་རེད། ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིའི་འཐུས་མིས་ཚོགས་མི་གསར་པར་ཚོགས་རྟགས་བཏགས་ཤིང་། སྡེ་ཚོགས་ཀྱི་སྒྲིག་ཡིག་སྤྲད་པ་དང་། མཉམ་དུ་ཚོགས་གླུ་བླངས་ནས་རྣམ་པ་འཁྲུག་ཆ་དོད་པས་ཐལ་མོའི་རྡེབ་སྒྲ་ལྷང་ལྷང་དུ་གྲགས།

ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱལ་ཁབ་བདེ་འཇགས་ཆེད་དུ་ལང་ཚོ་སྐྱེས་སུ་འབུལ”ཞེས་པའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོའི་གཟའ་འཁོར་ཉེ་ཆར་གཅིག་སྡུད་ཐོག་སྤེལ་བ་རེད། བྱེད་སྒོའི་གཟའ་འཁོར་རིང་ལྗོངས་ཡོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་ལག་ལེན་དང་ཉམས་ལེན་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆད་ཁྲིད་གཉེར་བ་སོགས་ཀྱི་བྱ་ཐབས་བརྒྱུད། རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་གཞོན་ནུ་ཚོར་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་རེད།


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་གི་དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར།
  • ལེ་ཚན་རྗེས་མ།:ཀྲུང་གོའི་དཔལ་འབྱོར་འགོ་ཡག་པོ་འཛུགས་པ་ནི་འཛམ་གླིང་དཔལ་འབྱོར་གྱི་མཐུན་རྐྱེན་གལ་ཆེན་ཞིག་ཡིན།
  • དོ་སྣང་ཆེ་བའི་རྩོམ།