ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་གྱིས་འཕེལ་རྒྱས་ལག་ལེན་གསར་པར་ཁྲིད་སྟོན་བྱ་དགོས། (གཉིས།)

        2024-05-15

ཅིའི་ཕྱིར་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏང་དགོས་པ་རེད་ཅེ་ན། འགྲོ་བ་མིའི་ཤེས་དཔལ་ལོ་རྒྱུས་ལ་བལྟས་ན། འགྲོ་བ་མི་ལ་སྔ་ཕྱིར་ཞིང་ལས་གསར་བརྗེ་དང་བཟོ་ལས་གསར་བརྗེ། ཆ་འཕྲིན་གསར་བརྗེ་བཅས་བརྒྱུད་མྱོང་བ་རེད། ཐོན་ལས་ལག་རྩལ་གསར་བརྗེ་རེ་རེས་འགྲོ་བ་མིའི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ལོ་རྒྱུས་ཀྱི་གོམ་འགྲོས་མདུན་ནས་མདུན་དུ་བདར་བཞིན་ཡོད། ཐོན་སྐྱེད་སྟོབས་ཤུགས་ནི་ནམ་ཡང་སྤྱི་ཚོགས་གོང་འཕེལ་གྱི་ཐག་གཅོད་སྟོབས་ཤུགས་མཐར་ཐུག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་དུ་འགྱུར་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཆེས་རྩ་བ་དང་ཆེས་དགོས་གཏུག་གི་ལས་འགན་ནི་ད་དུང་སྔར་ལྷག་གིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་སྟོབས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏང་རྒྱུ་དེ་ཡིན་ཞེས་ནན་གསུང་གནང་། ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བར་འཕེལ་རྒྱས་འདུ་ཤེས་གསར་པ་དང་མཐུན་པའི་སྔོན་ཐོན་ཐོན་སྐྱེད་སྟོབས་ཤུགས་ཀྱི་སྤུས་རྣམ་གསར་དུ་བཙུགས་ཏེ། ཐོན་སྐྱེད་སྟོབས་ཤུགས་ཆུ་ཚད་ཐད་འགག་བརྟོལ་དེ་བས་ཆེ་བ་དང་ལྡེག་འཕར་དེ་བས་ཆེ་བ། འཕེལ་རྒྱས་དེ་བས་ཆེ་བ་ཡོང་ཆེད་རེད།

ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བ་ནི་དུས་རབས་ཀྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་འཕྲལ་མཁོ། དུས་ཀྱི་འཁོར་ཕྱོགས་ ཡིན་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་གདམ་ག་ལྡོག་ཏུ་མེད་པ་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་པའི་འདེགས་སྐྱོར་བརྟན་པོ་ཡིན་ལ། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ནང་གནས་བླང་བྱ་དང་ཤུགས་རྒྱག་ས་གཙོ་བོ། སྒུལ་ཤུགས་ཆེན་པོ་བཅས་ཡིན་ཞིང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་རྒྱུན་མཐུད་དེ་སྤར་བའི་འཐབ་ཇུས་བྱེད་ཐབས་ཡིན། མི་དམངས་མང་ཚོགས་ཀྱིས་འཚོ་བ་སྐྱིད་པོར་རེ་སྨོན་བྱེད་པའི་དངོས་ཡོད་དགོས་མཁོ་སྐོང་བྱེད་ཡིན། དེ་ནི་ངེས་པར་དུ་དམ་འཛིན་ལྷོད་མེད་ཡག་པོ་བྱ་དགོས་པའི་རྒྱལ་ཁབ་ཀྱི་དོན་ཆེན་དང་ཇུས་ཆེན་ཡིན་ནོ།།

 སྐལ་བཟང་ཐུབ་བསྟན་གྱིས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:འཕྲིན་སྦྱོར་མཉམ་འདྲེས་དུས་སྐབས་ཀྱི་གསར་འགོད་པར་འདང་དགོས་པའི་ཆ་རྐྱེན་སྐོར་གླེང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10