སེར་ཤུལ་རྫོང་གིས་སྨན་ཞབས་པའི་དུས་ཆེན་གྱི་བྱེད་སྒོ་སྤེལ།

        2024-05-16


    སྤྱི་ཟླ5པའི་ཚེས12ཉིན་གྱི་ཕྱི་དྲོར། སེར་ཤུལ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས“སྨན་ཞབས་པའི་དཔུང་ཁག་འཕེལ་རྒྱས་དང་སྨན་ཞབས་པའི་ཞབས་ཞུ་ལེགས་སུ་གཏོང་བ”ཞེས་པ་གཙོ་དོན་བྱས་པའི་རིག་རྩལ་མཉམ་འདུས་འཁྲབ་སྟོན་བྱས་པ་རེད།

    རིག་རྩལ་མཉམ་འདུས་འཁྲབ་སྟོན་དེ《བཀྲ་ཤིས་པའི་སྐོར་བྲོ》ཞེས་པའི་ཞབས་བྲོ་འཁྲབ་ནས་འགོ་ཚུགས་ཤིང་། རྫོང་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་རྒྱ་ཆེའི་སྨན་ཞབས་པས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ཤིང་། གླུ་དབྱངས་ཀྱི་སྙན་འཇེབས་དང་གར་གྱི་སྟངས་སྟབས་ཀྱིས་རྫོང་ཡོངས་ཀྱི་སྨན་ཞབས་པའི་སྨོན་འདུན་དང་དུས་རབས་གསར་པའི་སྨན་ཞབས་པའི་སྙིང་སྟོབས་མངོན་ཡོད་པ་རེད།

     ད་ཐེངས་ཀྱི་རིག་རྩལ་མཉམ་འདུས་འཁྲབ་སྟོན་བྱེད་སྒོ་སྤེལ་བ་བརྒྱུད། སྨན་ཞབས་པ་ཚོགས་པའི་གཅིག་འགྲིལ་གྱི་ནུས་པ་ཆེ་རུ་ཕྱིན་པ་དང་། འཕྲོད་བསྟེན་ཁོངས་གཏོགས་ཀྱིས་སྨན་ཞབས་པའི་ཞབས་ཞུ་མུ་མཐུད་ལེགས་སུ་བཏང་ནས་རྣམ་པ་གསར་པ་དང་ཉམས་འགྱུར་གསར་པའི་ཐོག་ནས་སྨན་ཞབས་པའི་ཞབས་ཞུ་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་རྒྱུ་དང་། མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་དང་དུས་ཡོངས་ལ་ཞབས་ཞུ་དེ་བས་ལེགས་པ་མཁོ་འདོན་བྱ་རྒྱུ་རེད།


     རྫོང་རིམ་པའི་ལས་ཁུངས་ཀྱི་འགན་འཁུར་བ་དང་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བ། ལྟད་མོ་བ་སོགས་མི1300ལྷག་ད་ཐེངས་ཀྱི་རིག་རྩལ་མཉམ་འདུས་འཁྲབ་སྟོན་དུ་ཞུགས་པ་རེད།




གསར་འགོད་པ། མེ་ཏོག།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:འདབ་པ་རྫོང་གིས་རིག་ནུས་དུ་འཕྱུར་ཉེན་བརྡ་གཏོང་ཆས་སྒྲིག་སྦྱོར་བྱས།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་བྱིས་སློབ་ཁང་ཞིག་གིས་བྱེད་སྒོ་འདི་འདྲ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།