བྲག་མགོ་རྫོང་གིས་དམར་དམག་རྟ་དམག་བཙུགས་ནས་ལོ88འཁོར་བར་དྲན་གསོ་ཞུ་བའི་རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་སྤེལ།

( ཡེ་ཤེས་ཀྱིས་བསྒྱུར།)        2024-05-27

བྲག་མགོ་རྫོང་གིས་དམར་དམག་རྟ་དམག་བཙུགས་ནས་ལོ88འཁོར་བར་དྲན་གསོ་ཞུ་བའི་རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་སྤེལ།

ཉེ་ཆར། བྲག་མགོ་རྫོང་གིས་དམར་དམག་རྟ་དམག་བཙུགས་ནས་ལོ88འཁོར་བར་དྲན་གསོ་ཞུ་བའི་རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་སྤེལ། བདེ་ཆེན་ཁུལ་དང་རང་ཁུལ་གྱི་དར་མདོ། ལི་ཐང་། འདབ་པ། རྟའུ་སོགས་ནས་ཡོང་བའི་རྒྱུག་རྟ་དང་འགྲོས་མ་དྲུག་བརྒྱ་ལྷག་འགྲན་སྡུར་དུ་ཞུགས།

འགྲན་སྡུར་འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་དར་སྲུང་སྐྱོབ་རུ་ཁག་དང་དམག་དམར་རྟ་དམག་རུ་ཁག། གཤིས་ཆུ་གྲོང་གསར་རྟ་རྒྱུག་མཐུན་ཚོགས་རུ་ཁག། བྲག་མགོ་རྫོང་སྤྱི་བདེ་ཅུས་ཉེན་རྟོག་རུ་ཁག། མི་རིགས་མཐུན་སྒྲིལ་ལས་དོན་རུ་ཁག། ནགས་ཚལ་རྩྭ་ཐང་སྐོར་སྲུང་རུ་ཁག་བཅས་ཀྱི་རུ་ཁག7གྱི་ཁྱོན་རྟ་པ112བྱེད་སྒོའི་ཡུལ་དངོས་བསྐོར་བ་རེད། ཡུལ་ཤོག་དང་གྲོང་རྡལ15ཡི་རྟ་པ75སྐོར་སྐྱོད་དུ་ཞུགས།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རྟ་རྒྱུག་བྱེད་སྒོའི་དུས་ཡུན་ཉིན་བཞིའི་རིང་སྤེལ་ཡོད་ལ། རྒྱུག་རྟའི་མགྱོགས་པའི་བང་རྩལ་དང་། འགྲོས་མའི་མྱུར་ཚད་སོགས་ཀྱི་རྣམ་གྲངས་ཕྱེ་ཡོད་པ་དང་བྱ་དགའ་མཐོ་ཤོས་སྒོར་ཁྲི5ཡོད་ལ། བྱ་དགའི་དངུལ་བསྡོམས་འབོར་སྒོར་ཁྲི65ཟིན་ཡོད།

འགྲན་སྡུར་བྱེད་རིང་བྲག་མགོ་རྫོང་གི་ལ་གླུ་སོགས་ཐུན་མོང་མ་ཡིན་པའི་བྲག་མགོའི་ཁྱད་ཆོས་ལྡན་པའི་གླུ་གར་ལེ་ཚན་འཁྲབ་སྟོན་དང་། ཁྲོམ་རའི་ནང་བྲག་མགོ་རྫོང་ལས་རིགས་སློབ་གསོ་ལྟེ་གནས་ཀྱི་གསར་གཏོད་རི་མོའི་འགྲེམ་སྟོན་སོགས་བྱེད་སྒོ་སྣ་མང་སྤེལ་བ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ལས་རིགས་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་དམའ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།