ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་གི་པར་གཞི་ཁག་གཉིས་པ་ཞལ་འདེབས་བརྒྱབ་ནས་ཉར་ཚགས་ཀྱི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།

    མི་དམངས་དྲ་བ་ནས་དྲངས།    2024-06-04

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན། ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་གི་པར་གཞི་ཁག་གཉིས་པ་ཞལ་འདེབས་བརྒྱབ་ནས་ཉར་ཚགས་ཀྱི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
   ཚོགས་ཞུགས་སྐུ་མགྲོན་གྱིས། ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཆར་འགོད་འཛུགས་སྐྲུན་གནང་བའི་རིག་གནས་ཤུལ་བཞག་གི་འདུ་འགོད་ཅིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་རིག་གནས་ཀྱི་བསྟན་བཅོས་ཉར་ཚགས་དང་རྒྱུན་འཛིན་ཐུགས་ལ་བཅངས་ནས་ཐུགས་ཁུར་གཟབ་བཞེས་གནང་བ་ལས་དུས་རབས་གསར་པའི་གུང་ཁྲན་ཏང་མིས་རིག་གནས་ལ་བཅངས་པའི་བརྩེ་སེམས་དང་རིག་གནས་ལ་བཅངས་པའི་འགན་འཁྲི་ཁུར་སེམས་མཚོན་གྱི་ཡོད། ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་བཙུགས་ནས་ལོ་གཅིག་འཁོར་བའི་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བརྟག་ཞིབ་གནང་བར་ཕེབས་ཏེ་ང་ཚོ་དང་ལྷན་དུ་མཉམ་འཛོམས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་བསྐྱར་དྲན་བྱེད་པ། ཞལ་འདེབས་བརྒྱབ་ནས་ཉར་ཚགས་བྱེད་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ལ་མཉམ་་རོལ་བཅས་ལ་དོན་སྙིང་ཆེན་པོ་ལྡན་པའི་ངོས་འཛིན་བྱས་པ་རེད།
   ཚོགས་ཞུགས་སྐུ་མགྲོན་ཚོས། ཚད་ལྡན་བསྟན་བཅོས་ལ་ཀྲུང་ཧྭ་རིག་གནས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདྲེས་ཡོད་པས། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་འཁུར་བ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པར་ངེས་པར་ཚད་མཐོའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས་རྒྱལ་ཁབ་ཀྱི་པར་གཞི་ཁང་འཛུགས་སྐྲུན་ཡག་པོ་བྱས་ཏེ་དེའི་ཚད་ལྡན་བསྟན་བཅོས་སྲུང་སྐྱོང་དང་ཉར་ཚགས་ཡག་པོ་བྱས་ནས་ཀྲུང་ཧྭའི་ཤེས་རིག་གི་འཕེལ་རྒྱུན་མི་ཆད་པ་བྱེད་པ་དང་། པར་གཞི་བསྡུ་རུབ་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བརྟན་པོ་བཏང་སྟེ་པར་གཞི་ཅི་ཡོད་གསལ་རྟོགས་དང་ཉར་ཚགས་ཀྱི་འཆར་གཞི་འཐུས་སྒོ་ཚང་དུ་བཏང་ནས་བསྡུ་རུབ་ཀྱི་ཐབས་ལམ་ཕུན་སུམ་ཚོགས་སུ་གཏོང་བ། ཉར་ཚགས་དངོས་པོ་སྲུང་སྐྱོང་ཏན་ཏིག་བྱས་ནས་བདེ་འཇགས་ལམ་ལུགས་ཀྱི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། པར་གཞིར་ཞིབ་འཇུག་བྱེད་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་ཞིབ་འཇུག་གི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།

  • ལེ་ཚན་སྔོན་མ།:ཀྲུང་གོའི་སྤྱི་སྤྱོད་ཞིབ་ཚགས་ཚད་འཇལ་གྱི་རྒྱང་ཤེལ་ཆེ་ཤོས་མཚོ་ནུབ་ལེང་ཧུའུ་གྲོང་རྡལ་དུ་བཙུགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།