དམངས་ཡོངས་ལུས་སྦྱོང་གི་ལེ་དབར་ཁྲིར་སྐྱོད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

    མི་དམངས་དྲ་བ་ནས་དྲངས།    2024-05-30

 འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མི་ཤུགས་ཐོན་ཁུངས་གསར་སྤེལ་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས། བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི་དམངས་ཡོངས་ལུས་སྦྱོང་གི་ལེ་དབར་ཁྲིར་སྐྱོད་པའི་དང་བླངས་ཞབས་ཞུ་དང་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ལུས་སྦྱོང་གི་རིམ་སྤེལ་བྱེད་སྒོ(གོམ་བགྲོད)ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། ལུས་སྦྱོང་ལ་དགའ་པོ་བྱེད་མཁན་800ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་སྤྱི་ལེ་5ཡི་གོམ་བགྲོད་འགྲན་བསྡུར་བཀོད་སྒྲིག་བྱས་པར་མི་སྒེར་གྱི་ཚོགས་ཆུང་དང་། ཁྱིམ་ཚང་གི་ཚོགས་ཆུང་། འཁོར་ཤུད་ཚོགས་ཆུང་བཅས་སུ་དབྱེ་ཡོད་པ་རེད།
     རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མི་ཤུགས་ཐོན་ཁུངས་གསར་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་ཧུང་ཅང་གིས། དམངས་ཡོངས་ལུས་སྦྱོང་གི་ལེ་དབར་ཁྲིར་སྐྱོད་པའི་བྱེད་སྒོས་དམངས་ཡོངས་ལུས་སྦྱོང་གི་ལུས་རྩལ་ཁྱབ་གདལ་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། ལུས་སྦྱོང་གི་ཤེས་བྱ་ཁྱབ་གདལ་དང་ཚན་རིག་དང་མཐུན་པའི་ལུས་རྩལ་ལ་སྐུལ་ཁྲིད་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། གོམ་བགྲོད་འགྲན་བསྡུར་དང་། སྲིད་ཇུས་སྒྲོག་འགྲེལ། ཚན་རིག་དང་མཐུན་པའི་ལུས་སྦྱོང་མཛུབ་སྟོན། ཕུལ་བྱུང་ལུས་རྩལ་པ་མཉམ་འགུལ། ལུས་སྦྱོང་རྣམ་གྲངས་ཉམས་ལེན་སོགས་ཀྱི་རྣམ་གྲངས་ཁག་བརྒྱུད། མང་ཚོགས་ལ་ཚན་རིག་དང་མཐུན་པའི་ལུས་སྦྱོང་ལས་བྱུང་བའི་ཕན་འབྲས་དངོས་སུ་ཚོར་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད། 

  • ལེ་ཚན་སྔོན་མ།:སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།
  • ལེ་ཚན་རྗེས་མ།:2023ལོའི《ཀྲུང་གོའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས》ཡོངས་བསྒྲགས་ བྱས་པ།
  • དོ་སྣང་ཆེ་བའི་རྩོམ།