མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་རྣམ་གྲངས་ཤིག་གི་གྲུབ་འབྲས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ།

    མི་དམངས་དྲ་བ་ནས་དྲངས།    2024-05-30

 འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞབས་ཞུ་འགན་སྲུང་ལྟེ་གནས་ཀྱིས་ལེགས་སྒྲུབ་བྱས་པའི“མདོ་ལ་རིང་མོའི་ལོ་མང་འབྲས་བུ་འདོགས་པའི་་སྲན་རིགས་གཟན་རྩྭའི་སོན་བཟང་ནང་འདྲེན་འདེབས་པ་དང་འཕྲོད་མིན་གདེང་འཇོག”དང་། “ཙོང་ཆུ་ལུང་གཞུང་གི་རྒྱ་སེ་མེ་ཏོག་གི་སོན་བཟང་སྐྱེ་འཚར་མགྱོགས་པའི་ལག་རྩལ་ཞིབ་འཇུག” “མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་གྱི་རྩྭའི་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་ཞིབ་སྤེལ་དང་བེད་སྤྱོད”བཅས་གྲུབ་འབྲས་ཁག་གསུམ་ལ་ཚན་རྩལ་ཞིབ་འཇུག་ཆུ་ཚད་ཀྱི་གདེང་འཇོག་བྱས་པ་དང་། དེའི་ནང་ནས“མདོ་ལ་རིང་མོ་ཁུལ་གྱི་ལོ་མང་འབྲས་བུ་འདོགས་པའི་སྲན་རིགས་གཟན་རྩྭའི་སོན་བཟང་འདྲེན་འཛུགས་འདེམས་གསོ་དང་འཕྲོད་མིན་གདེང་འཇོག”གི་གྲུབ་འབྲས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། གྲུབ་འབྲས་ཁག་3ནི་2021ལོར་རྣམ་གྲངས་བཀོད་ནས་མཆན་བཀོད་བཀའ་ལན་ཐོབ་པའི“མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་གྱི་ཁྱད་ལྡན་རྩྭ་ལྡུམ་ཐོན་ཁུངས་བརྟག་དཔྱད་དང་གསོ་སྤེལ་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པའི”རྣམ་གྲངས་ལ་བརྟེན་ནས་བྱུང་བ་དང་། རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་སོན་རྒྱུའི་ཐོན་ཁུངས་ཁུལ་ཆུང་འཛུགས་སྐྲུན་གྱི་ལག་རྩལ་དང་། འདེབས་གསོའི་ལག་རྩལ། སོན་བཟང་ཐོན་སྐྱེད་ཀྱི་ལག་རྩལ་སོགས་བརྒྱུད་རིམ་ལྡན་པའི་ལག་རྩལ་ཚད་གཞི་15ཆགས་པ་དང་ཐོན་ཁུངས་རྒྱུད་སྤེལ་གྱི་ལྟ་ཞིབ་ཚད་ལེན་མ་ལག་ནུས་ལྡན་ཅིག་གྲུབ་པས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:2023ལོའི《ཀྲུང་གོའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས》ཡོངས་བསྒྲགས་ བྱས་པ།
  • ལེ་ཚན་རྗེས་མ།: ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”ཀྱི་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་པ།
  • དོ་སྣང་ཆེ་བའི་རྩོམ།