རྒྱལ་ཡོངས་ནས་དགུན་གྲོ་མུའུ་དུང་ཕྱུར་1.26བསྡུས་པ།

        2024-06-04

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཧོ་ནན་ཞིང་ཆེན་ཏེང་ཀྲོའུ་གྲོང་ཁྱེར་ཝུན་ཆུས་གྲོང་རྡལ་ལི་ཝ་གྲོང་ཚོའི་གྲོ་ཞིང་ནང་བརྔ་བསྡུ་འཕྲུལ་འཁོར་གྱི་སྒྲ་ལྡིར་ལྡིར་དུ་གྲགས། “ཞིང་ལས་འཕྲུལ་ཆས་ཀྱི་ལས་ཕྱོད་དཔེ་ཡག་པོ་འདུག གྲོ་མུའུ་1500ལྷག་ཙམ་ཉིན་གཉིས་ནང་བསྡུས་ཚར་སོང”རུང་ཀོན་ཞིང་ལས་སྐྱེ་དངོས་འདེབས་འཛུགས་མཉམ་ལས་ཁང་གི་ལས་འཛིན་དཔོན་ལིའུ་ཧྲའོ་ཝུའེ་ཡིས་མཉམ་ལས་ཁང་གིས་བཏབ་པ་ནི་ཆི་ཆུང་བའི་གྲོ་ཡིན་པ་དང་མུའུ་རེའི་ཐོན་ཚད་རྒྱ་མ་1100ཙམ་ཟིན་གྱི་ཡོད། བཟོ་གྲྭ་དང་ཆེད་སྤྱོད་ས་བོན་བསྡུ་ཉོའི་གྲོས་མཐུན་བཞག་པས་བྲིན་ཚོང་ཐད་སེམས་ཁྲལ་བྱེད་དགོས་མེད་ཅེས་ངོ་སྤྲོད་བྱས་པ་རེད།
   གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་6ཚེས་1ཉིན་གྱི་ཆུ་ཚོད་17བར། རྒྱལ་ཡོངས་ནས་དགུན་གྲོ་མུའུ་དུང་ཕྱུར་1.26བསྡུས་ཟིན་པ་དང་མྱུར་ཚད་37.27%ཟིན་ནས་བསྡུ་ཚད་མཐོ་ཤོས་སུ་སླེབས་ཡོད། བསྡུ་ཚད་ན་ནིང་ལས་བརྒྱ་ཆའི་གྲངས་16.8ཙམ་གྱིས་མགྱོགས་པ་ཡོད་པ་རེད། ཉིན་དེར་འཕྲུལ་བསྡུའི་རྒྱ་ཁྱོན་མུའུ་ཁྲི་1363ཟིན་པ་དང་གྲོ་མཉམ་སྡེབ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་22.84བཏང་ཡོད་པ་རེད། སི་ཁྲོན་དང་ཧུའུ་པེ་ཡི་གྲོ་བརྔ་བསྡུའི་ལས་དོན་གཞི་རྩའི་ཆ་ནས་མཇུག་འགྲིལ་བ་དང་། ཧོ་ནན་དང་ཨན་ཧུའེ་ཡི་མྱུར་ཚད་བཅུ་ཆ་དྲུག་དང་ཕྱེད་ཀ་ཙམ་ཟིན་པ། ཧྲའན་ཤིས་སུ་བཅུ་ཆ་གཉིས་ལྷག་ཙམ་ཟིན་ཡོད་པ་རེད།

  • ལེ་ཚན་སྔོན་མ།: ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”ཀྱི་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོའི་སྤྱི་སྤྱོད་ཞིབ་ཚགས་ཚད་འཇལ་གྱི་རྒྱང་ཤེལ་ཆེ་ཤོས་མཚོ་ནུབ་ལེང་ཧུའུ་གྲོང་རྡལ་དུ་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།