གནོད་འགོག་གནོད་སེལ་གནོད་སྐྱོབ་ལས་མཐའ་གཅིག་ཏུ་རྒྱལ་ཁ་བླང་དགོས

( བདེ་སྐྱིད་ཀྱིས་བསྒྱུར།)        2024-06-17

སྤྱི་ཟླ6པའི་ཚེས10ཉིན་གྱི་ཆུ་ཚོད17ནས་ཚེས11ཉིན་གྱི་ཆུ་ཚོད6བར། ཉག་ཆུ་རྫོང་ཁོངས་སུ་སྔོན་རྗེས་སུ་ཆར་དྲག་ཐེངས5དང་དུས་ཐུང་ངུ་ནང་ཆར་པ་ཐེངས6བབས་ནས་ཆུ་ལོག་གནོད་འཚེ་ཁྱོན17བྱུང་བ་རེད། གནོད་འཚེ་བྱུང་རྗེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་འཕྲལ་དུ་གནོད་འཚེ་ཚབས་ཆེན་ཕོག་པའི་ཆུ་ཁ་གྲོང་རྡལ་སྤུན་ཟླ་གྲོང་སྡེ་དང་རྒྱལ་ལམ318ལམ་ཐིག70kསོགས་སུ་ཕེབས་ནས་ཡུལ་དངོས་སུ་གནོད་འཚེ་ཐེབས་ཚུལ་ལ་ལྟ་ཞིབ་གནང་ནས། འགྲོ་ལམ་ཤར་གཏོང་དང་གནས་སྤོ་བཀོད་སྒྲིག། འཚུབ་བསྟུན་འགན་ལེན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། གནོད་འགོག་གནོད་སེལ་གྱི་ལས་ཡུལ་དང་པོའི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བར་མ་ཟད། ཉག་ཆུ་རྫོང་གི་ཆུ་ལོག་འཚུབ་བསྟུན་ཐག་གཅོད་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཞིང་དཔོན་གཞོན་པ་ཏུང་ཝུའེ་མིང་དང་ཞིང་དཔོན་གཞོན་པ་དབྱང་ཞིང་ཕིང་། ཙུའོ་ཡུང་ཞང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་བཅས་ཀྱི་མཆན་བཀོད་མཛུབ་སྟོན་གྱི་སྙིང་དོན་བརྒྱུད་བསྒྲགས་ལག་ལེན་དང་། ཉག་ཆུ་རྫོང་གི་འཚུབ་བསྟུན་ཐག་གཅོད་ཀྱི་གནས་ཚུལ་གསར་ཤོས་ལ་གསན་འཇོག་དང་ཕྱིན་ཆད་ལས་ཀ་བཀོད་སྒྲིག་གནང་།

ཧྥུང་ཧྥ་ཀུའེ་ཡིས་གཅིག་ནི་བོར་བརླག་སོང་བའི་མི་སྣ་འཚོལ་སྐྱོབ་ལས་ཀ་ཡག་པོ་བསྒྲུབ་དགོས་པ་དང་། གཉིས་ནི་འགྲོ་ལམ་ཤར་བགྲོད་ཐུབ་པ་འགན་ལེན་ཡག་པོ་བྱ་དགོས། གསུམ་ནི་འཚུབ་བསྟུན་འགན་སྲུང་ཐུབ་པར་སྤྱི་འདོམས་དང་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནི་མང་ཚོགས་ཀྱི་ལས་ཀ་ཏན་ཏིག་ཡག་པོ་བསྒྲུབ་དགོས། ལྔ་ནི་ཤུགས་ཡོད་རྒུས་འཚུབ་བསྟུན་ཉེན་མེད་འགན་སྲུང་ཐུབ་པ་བྱ་དགོས། དྲུག་ནི་གླེང་ཕྱོགས་དྲིལ་བསྒྲགས་ལས་ཀ་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།།

  • ལེ་ཚན་སྔོན་མ།:རྒྱལ་རོང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ གྱི་བཟའ་བཏུང་རིག་གནས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།