བརྒྱད་ཟིལ་རྫོང་གིས“ཞིང་གསུམ”ལས་དོན་འཕེལ་རྒྱས་ཡོང་བར་ཤུགས་བརྒྱབ་ཡོད།

(སྐལ་བཟང་རྒྱ་མཚོས་བྲིས།)        2024-06-19

ཉེ་ཆར་གསར་འགོད་པས་བརྒྱད་ཟིལ་རྫོང་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་བརྒྱད་ཟིལ་རྫོང་གིས་ཞིང་ལས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁྱོན་ཡོངས་ནས“རྨང་གཞི་བརྟན་པོ་དང་གྲུབ་ཆ་ལེགས་གཏོང་། ཁྱད་ཆོས་གཏོད་པ། ཕན་འབྲས་འཕར་བ”བཅས་ཀྱི་གཞི་རྩའི་བསམ་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ། “འབྲུ་རིགས་ཐོན་ཚད་འཕར་བ་དང་།ཞིང་ལས་ཀྱི་ཕན་འབྲས་འཕར་བ། ཞིང་པའི་ཡོང་འབབ་འཕར་བ། གྲོང་སྡེ་འཕེལ་རྒྱས་འགྲོ་བ”བཅས་ཀྱི་དམིགས་འབེན་ལ་དམིགས་ནས“5+3”ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱིས་གཙོ་ཁྲིད་བྱས་ཏེ་གྲོང་ཁྱེར་དང་གྲོང་སྡེ་མཐུན་སྦྱོར་མཉམ་འགུལ་རྒྱུན་འཁྱོངས་ནས“ཞིང་གསུམ”ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པར་ཞིག་ཏུ་སླེབས་བར་བསྐུལ་ཡོད།

རིགས་གཞུང་སློབ་གཉེར་བྱས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་། “བརྒྱད· ལྔ”ཁྲིམས་ལུགས་ཁྱབ་གདལ་ལས་དོན་དང་ཟུང་འབྲེལ་བྱས་ཏེ་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་དང་ཁྲིམས་ལུགས་གྲོང་སྡེར་སྤེལ་བ། ཁྲིམས་སྐྱོང་འཆད་ཁྲིད་སོགས་ཀྱི་བྱེད་སྒོ་ཐེངས10ལྷག་སྤེལ་བ་དང་། དྲིལ་བསྒྲགས་ཡིག་ཆ་བཀྲམ་པ་དང་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ། སྐོར་སྐྱོད་དྲིལ་བསྒྲགས་རླངས་འཁོར་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་དྲིལ་བསྒྲགས་དཔེ་དེབ5000ལྷག་སྤྲད་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་བཅའ་ཁྲིམས》དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྒྱ་ཆེ་བའི་ཞིང་པ་མང་ཚོགས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་བཅའ་ཁྲིམས》ཀྱི་གཞི་རྩའི་ནང་དོན་ཤེས་རྟོགས་ཐུབ་པར་བྱས་ཏེ་ཞིང་པ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་བཏང་ཡོད།

ཏང་གིས་ཞིང་ལས་དང་གྲོང་སྡེའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དུས་བཀག་ལྟར་ཆེད་དོན་ཚོགས་འདུ་འཚོགས་ནས་ཞིང་ལས་ལ་མ་དངུལ་གཏོང་བ་དང་ཞིང་ལས་ཐོན་སྐྱེད་སོགས་གཙོ་གནད་ལས་འགན་ལ་ཞིབ་འཇུག་བྱས་པ་དང་ཆབས་ཅིག《བརྒྱད་ཟིལ་རྫོང་གིས“གྲོང་སྡེ་སྟོང་གི་དཔེ་མཚོན་དང་གྲོང་སྡེ་ཁྲིའི་བཅོས་སྐྱོང”གི་ལས་གཞིའི་ཉམས་མྱོང་སློབ་སྦྱོང་བྱས་ཏེ་ཕྱོགས་ཡོངས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར》《བརྒྱད་ཟིལ་རྫོང་གིས་དུས་རབས་གསར་པའི་ཆུ་ཚད་མཐོན་པོའི“མཐོ་སྒང་གི་འབྲུ་མཛོད”བསྐྲུན་པ་དང2024ལོའི་དེང་རབས་ཀྱི་ཞིང་ལས་ཐོན་ལས་སྦྲེལ་མ་བཏོད་པའི་ལས་དོན་གཙོ་གནད》《བརྒྱད་ཟིལ་རྫོང་གིས2024ལོའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་བའི་བྱ་སྤྱོད་ཇུས་གཞི》སོགས་ལས་ཀའི་ཇུས་གཞི་བཏོན་ཡོད། གཞན་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་ཐོན་སྐྱེད། གྲོང་སྡེའི་ཁོར་ཡུག་བཅོས་སྒྲིག་སོགས་འབྲེལ་ཡོད་ནང་དོན་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་སུ་བརྩིས་ནས་ལས་འབྲས་དཔྱད་ཞིབ་ཀྱི་ཁྲོད་དུ་བཞག་ཡོད།

ཞིང་ལས་ལ་མ་དངུལ་གཏོང་ཚད་ཇེ་ཆེར་བཏང་སྟེ། ཞིང་ལས་ཐོན་སྐྱེད་ཀྱི་ཆུ་ཚད་ལེགས་བཅོས་བྱས། ད་ལོ་གཙང་སྦྲའི་གསང་སྤྱོད་ཡོངས་སུ་ཁྱབ་ཐུབ་པ་དང་། འཐུང་ཆུའི་ལས་གྲྭའི་ལས་གཞི5ལག་ལེན་བསྟར་པ། རི་མཐོའི་འབྲོག་ར་ཚད་ལྡན་ཅན་དུ་སྒྱུར་བར་བསྐུལ་ནས་བརྒྱད་ཟིལ་ནོར་གནག་རྒྱུད་ལེགས་ཀྱི་གསོ་སྤེལ་ར་བ1དང་གསོ་སྤེལ་ར་བ6བསྐྲུན་པ། ཕག་ཕྲུག་གསོ་སྤེལ་རྟེན་གཞི་བཙུགས་ཐུབ་པ་བྱུང་སྟེ་རྫོང་ཡོངས་སུ་མོ་ཕག2496དང་ཕག་ཕྲུག40500གསོས་ཡོད། བཤས་ར་ལས་སྣོན་ར་བ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་ཞིང་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་ཟོག་འགྲེམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། དེ་དང་ཆབས་ཅིག་ཏུ་ཀྲེ་ཅང་གི“འདུ་འགོད་ཁྲི་སྟོང་”ཡི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ།“བརྒྱ་གཉིས་ལས་གཞི”ལག་བསྟར་མཐར་ཕྱིན་བྱས་ཏེ་དཔེ་སྟོན་གྲོང་སྡེ3དང་སྤུས་ལེགས་གྲོང་སྡེ2བསྐྲུན་ཡོད།

རྨོ་ཞིང་གི“དམར་ཐིག”ནན་སྲུང་བྱས་ཏེ། འབྲུ་རིགས་ཉེན་མེད་ཀྱི་རྨང་གཞི་བརྟན་དུ་བཏང་། 《རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་མཐོར་འདེགས་ཀྱི་བྱ་སྤྱོད་ཇུས་གཞི》བཟོས་ནས“ཞིང་དཔོན་ལམ་ལུགས”རིམ་པ་གསུམ་ཅན་གྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་རྨོ་ཞིང་སྲུང་སྐྱོང་གི་དམིགས་ཚད་ལས་འགན་མུའུ་ཁྲི5.18དང་ཡུན་རིང་གཞི་རྩའི་ཞིང་ཁ་མུའུ་ཁྲི3.9དབྱེ་འབྱེད་གཏན་ལ་ཕབ་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ3500འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་བྱུང་བ་དང་ཞིང་རྒོད་མུའུ1043བཅོས་སྒྲིག་བྱས་པ། འབྲུ་རིགས་འདེབས་ངོས་མུའུ་ཁྲི6.66ཁྱབ་པ་དང་ཐོན་ཚད་ཏུན་ཁྲི2.19ལ་ཟིན་པ། ནོར་གནག་ཕྱིར་ཚོང་གི་ཁ་གྲངས་ཁྲི1.5ལོན་པ། ཕག་ཕྱིར་ཚོང་གི་ཁ་གྲངས་ཁྲི4.7ལོན་པ། ལུག་ཕྱིར་ཚོང་གི་ཁ་གྲངས་ཁྲི2.8ལོན་པ། ཁྱིམ་བྱ་ཕྱིར་ཚོང་གི་ཁ་གྲངས་ཁྲི7.1ལོན་པ། གཡེར་མ་འདེབས་འཛུགས་མུའུ་ཁྲི5.8བྱས་པ། རི་མཐོའི་ཇ་འདེབས་འཛུགས་མུའུ7900བྱས་པ། སྨན་རྫས་འདེབས་འཛུགས་མུའུ5100བྱས་པ། རི་སྐྱེས་ཤ་མོ་ཐོན་ཚད་ཏུན1200ལྷག་དང་། སྲན་ཆེན་གྱི་ས་བོན་བཟང་པོ་རྒྱ་མ་ཁྲི2.7སྤྲད་པ། སྲན་ཆེན་དང་ཇ་མཉམ་བསྲེས་ཀྱི་འདེབས་འཛུགས་མུའུ4400བྱས་ཡོད།

ཞིང་ཕན་དང་དམངས་ཕན་གྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཞིང་ལས་དང་གྲོང་སྡེ་གོང་འཕེལ་གཏོང་བར་བསྐུལ་ཡོད། གྲོང་སྡེའི་ངལ་རྩོལ་ནུས་ཤུགས་མི7236སྤོ་སྒྱུར་ལས་ཞུགས་ཐུབ་པ་དང་། ལས་ཞུགས་རོགས་སྐྱོར་བཟོས་གྲས་མི150ལ་ལས་ཞུགས་རོགས་སྐྱོར་བྱས། མི1392ལ་སྤྱི་ཕན་གྱི་ལས་གནས་བཀོད་སྒྲིག་བྱས། སྤྱི་ཕན་ལས་གནས་ཀྱི་གླ་ཕོགས་སྒོར་ཁྲི622.44སྤྲད་པ་དང་འཛུགས་སྐྲུན་མ་དངུལ་སྒོར་ཁྲི5000ལྷག་བཏང་སྟེ། ཐང་མགོའི་ནོར་གནག་གྲོང་རྡལ་ཆུང་ངུ་དང་བྲག་ཐོག་རི་བོའི་གནས་ཚང་། འུ་ལ་གཤིས་གནས་མཆོག། འོད་སྐྱིད་མི་ཉག་བོད་སྡེ་བཅས་ཁྱད་ལྡན་གནས་ཚང་རིགས4བསྐྲུན་ནས་རྫོང་ཡོངས་ཀྱི་ཞིང་དུད120ལྷག་ལ་ཁྱད་ལྡན་བཟའ་བཏུང་དང་གྲོང་སྡེའི་གནས་ཚང་སོགས་གཉེར་རྒྱུར་སྐུལ་ཁྲིད་བྱས་པ་རེད།

ཚན་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་། རྫོང་ཁོངས་ཀྱི་གཙོ་ཁྲིད་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་དགོས་མཁོར་དམིགས་ཏེ། “སི་ཁྲོན་ཚན་རྩལ་གྱིས་གྲོང་སྡེ་དར་རྒྱས་གཏོང་བའི་དྲྭ་ཐོག་ལས་སྟེགས”ཀྱི་གྲོང་སྡེ་རིམ་པའི་ས་ཚུགས་དང་གྲོང་སྡེའི(སྡེ་ཁུལ)ཚན་རིག་ཁྱབ་གདལeས་ཚུགས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྫོང་རིམ་པའི་ཞབས་ཞུའི་ས་ཚུགས1དང་གྲོང་སྡེ་རིམ་པའི་ས་ཚུགས19དང་། ཚན་རིག་ཁྱབ་གདལ་ལས་དོན་ཁང1 དང་། ཚན་རིག་ཁྱབ་གདལeས་ཚུགས5བཅས་བཙུགས་ཡོད། ཚན་རྩལ་གྲོང་སྡེར་སྐྱེལ་བ་དང་ཞིང་ལས་ཚན་རིག་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་སྒོ་ཐེངས15སྤེལ་ནས་ཁེ་ཕན་ཐོབ་པའི་མང་ཚོགས་མི13849ལ་ཟིན་ཡོད།

ཞིང་ལས་ཀྱི་སྲིད་འཛིན་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་པའི་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱས། “ཡོངས་བསྒྲགས་དྲུག་”གི་ཁྲིམས་འཛིན་ལམ་ལུགས་བཙུགས་ཏེ་ས་བོན་དང་ཞིང་སྨན། རྫས་ལུད་གཟན་ཆས་སོགས་ཞིང་ལས་ཐོན་རྫས་ཀྱི་ཆེད་དམིགས་བཅོས་སྒྲིག་བྱ་སྤྱོད་སྤེལ་བར་མ་ཟད། རྫོང་ཐོག་གི་སྔོ་ཚལ་ཁྲོམ་ར་དང་བཤས་ར། ཤ་ཟས་ཚོང་ཁང་། ཕྱུགས་གསོན་ཉོ་ཚོང་ཚོང་ར་བཅས་ལ་ནད་ཡམས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕྱོགས་བསྡུས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཧུར་ཐག་སྤེལ་ནས་རྒྱག་ཐེངས་རེར་རིགས་མི་གཅིག་པའི་རིམས་འགོག་སྨན་ཁབ22.35བརྒྱབ་པ་རེད།།

  • ལེ་ཚན་སྔོན་མ།:ཧྲུའུ་ཏ་ཁྲུན་གྱིས་རྟའུ་རྫོང་དུ་ལས་ཀ་རབ་རིམ་སྤེལ།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་སྨན་རྫས་རྟེན་གཞི་བསྐྲུན་ནས་ཞིང་པའི་ཡོང་འབབ་འཕར་བར་བྱས།
  • དོ་སྣང་ཆེ་བའི་རྩོམ།