གཞལ་མེད་ཀྱི་ནོར་བུ།

ཚོར་སྦྲང་།        2024-01-22

ཞོགས་པའི་ཉི་ཟེར་གྱི་ཟེགས་མ་རེ་ལ།

གཉོམ་དུང་གི་འོད་ཐིག་རེ་རེ་འདུག

དེ་ནི། ཁྲེལ་གཞུང་གི་སྙིང་སྡུག་དང་།

སྙིང་སྡུག་གི་མིག་ཟུང་དང་ཤིན་

ཏུ་མཚུངས།

དྲན་ཐེངས་རེ་ལ་བདེ་དྲོད་དང་སྐྱོ་སྣང་

ཅི་ཡང་བསྩལ་བྱུང་།

ཚོད་ཚོད་ལ་སྙིང་སྡུག་དྲན་ནས།

ལུས་སེམས་ཀྱང་ཆང་ལ་ལན་མང་སྦངས།

སྙིང་སྡུག་མེད་པའི་འཇིག་རྟེན་དེ་དག་ནི།

དཀར་འོད་མི་མངོན་པའི་ཁང་སྟོང་ཞིག་

དང་མཚུངས།

སུན་སྣང་གི་བུ་ཡུག་རྟག་པར་

ལྡང་བར་བྱེད།

སྙིང་སྡུག ཁྱོད་ཀྱང་ང་རང་ནང་བཞིན།

ལུས་སེམས་ཀྱིས་སྙིག་སྡུག་དྲན་གྱིན།

སྒམ་ཚུགས་དང་ཁྲེལ་གཞུང་འདྲེས་མས།

སྙིང་སྡུག་སྒུག་གིན། དེ་ལ་རྟག་པར་བལྟས་

ནས་ཡོད་དམ།

སྙིང་སྡུག་གིས་བཤད་ན།

རྨི་ལམ་ནས་ང་རང་ལན་མང་རྨིས་བྱུང་ཟེར།

བསམ་གཞིག་ཅིག་བྱས་ན། སྙིང་སྡུག་གིས་རང་

དྲན་གྱིན་འདུག།

དྲན་པ་དེ་ཡང་མེ་ལྕེ་བཞིན་མཁའ་ལ་མཆེད་

ཀྱིན་འདུག།

ཁ་ནུབ་ངས་ཁྱེད་རང་རྨི་ལམ་དུ་རྨིས་བྱུང་།

ཞོགས་ལངས་ཀྱི་མི་ཚོགས་གསེབ་ནས།

འུ་གཉིས་ལག་པ་ལ་ལག་པར་འཇུས་

ནས་འདུག།

བློ་རྡེག་ཏུ་འུ་གཉིས་ཁ་ཁར་སོང་བ་

རྨིས་བྱུང་།

ཞོགས་ལངས་ཀྱི་མི་ཚོགས་གསེབ་ནས།

ངས་ཅི་ཙམ་བཙལ་ཀྱང་མ་རྙེད་

པ་རྨིས་བྱུང་།

སྙིང་ཉེ་མདང་ནུབ་ཀྱང་ཁྱེད་རང་ངའི་རྨི་

ལམ་དུ་རྨིས་བྱུང་།

རྨི་ལམ་གྱི་རྟོག་འཆར་ངོས་སུ་ཁྱེད་ཀྱི་བྱད་

བཞིན་རྨིས་བྱུང་།

ཁ་ནུབ་ཀྱི་རྨི་ལམ་དེ་དང་འདྲ་བར།

ཡོད་ཚད་ཞོགས་ལངས་ཀྱི་གསེབ་ཏུ་

ལྷུང་འདུག།

དེ་ལྟ་ན་ཡང་། ངས་དོ་ནུབ་ཀྱང་ཁྱེད་རང་

རྨི་ན་བསམ་བྱུང་།


  • ལེ་ཚན་སྔོན་མ།:མཁའ་འགྲོར་ཕུལ་བའི་དབྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།