འཇིག་རྟེན་འཁོར་བའི་སྣང་བ།

སྦྲ་སྲས་གངས་བུ་འཛུམ་གྲོལ།        2024-01-19

བྱིས་པ་ཡི་རྡེའུ་དཀར་ནག་གི་རྩེ་ར་བསྒྲིགས་ནས།

དགའ་སྐྱིད་ཀྱི་རྩེད་རྡོ་ཕུགས་ནས་རྩེས།

བདེ་སྐྱིད་དང་དགོད་སྒྲ་མ་གཏོགས་སེམས་སུ་ཅི་ཡང་མེད།

ཡིན་ཡང་། འགྲོ་ཁར་ཚང་མ་བཞག་ནས་འགྲོ་དགོས།

ན་གཞོན་ཕོ་མོ་ཡི་ཁ་མཚར་བར་ན།

གཅིག་དགའ་གཉིས་མཐུན་གྱི་འཇིག་རྟེན་སྣང་བ་སྐྱིད།

འཇིག་རྟེན་འཁོར་བའི་གྲོང་ཁྱེར་དེ་འགྲིམ་དུས།

དགའ་སྐྱོ་ཆགས་སྡང་གི་མཚར་སྒྲུང་མང་།

འཚོ་བའི་གཏམ་རྒྱུད་དེ་ཚར་རྒྱུ་མེད།

འཇིག་རྟེན་གྱི་འཁོར་བ་ལས།

བྱིས་པ་གཅིག་སྐྱེས་གཉིས་སྐྱེས།

ཕ་མའི་འགྲོ་འདུག་གི་གོམ་ཁ་ལྷོད།

ཨ་མའི་འཇོ་སྒེག་གི་ལང་ཚོ་འགྱུར།

  • ལེ་ཚན་སྔོན་མ།:སྐྱེལ་ཆང་།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཟེའུ་འབྲུ།