མི་ཉག་ལི་ཆུ་ཕྲ་མོ།

བཞག་ཚ།        2024-01-19

མདོ་ཁམས་དབྱངས་ཀྱི་ལི་ཆུ་ལ།།

ཐང་སྟོང་ལྕགས་ཀྱི་ཟམ་པ་ཆགས།།

སྟོད་ནས་སྨད་ལ་བཞུར་རྒྱུན་ལས།།

མི་ཉག་རྒྱལ་པོའི་ལོ་རྒྱུས་གྲགས།།

མི་ཉག་གཞུང་གི་རང་མདངས་ལ།།

མཁས་པ་དུ་མའི་རྣམ་ཤེས་འཁྱིལ།།

གངས་ནས་བརྒྱུད་དེ་ཉག་ཆུ་ལས།།

མི་ཉག་རང་གི་གནའ་ཤུལ་འཚོལ།།

ཐང་སྟོང་དགྱེས་པའི་གཙང་པོ་ལ།།

ལྕགས་ཤིང་གཉིས་ཀྱི་ཟམ་པ་ཡོད།།

ཐང་སྟོང་དགྱེས་པའི་གངས་ཆུ་སྟེ།།

དབྱངས་མ་ཆགས་པའི་ཆུ་བོ་ཡིན།།

དྭངས་བསིལ་འཇམ་པའི་ལི་ཆུ་དེ།།

གངས་ནས་བཞུར་བའི་ཆུ་བོ་ཡིན།།

རིགས་རུས་ཁུར་བའི་གཙང་པོ་སྟེ།།

ལྡོང་སྤྱང་མི་ཉག་བཏེགས་ཏེ་ཡོད།།

ཤིང་ཟམ་ཀླུ་ཡི་གཡང་འཛོམས་ལ།།

མཁས་པ་མི་ལྔའི་རྣམ་ཐར་གྲགས།།

ལྕགས་ཟམ་གསེར་གྱི་རང་རྒྱུད་ལ།།

གནའ་སྲོལ་བཟང་པོ་སྒུར་བྲོ་ལུས།།

ཆུ་འགོ་གངས་ཆུས་སྐྱེལ་མ་མཛད།།

ཆུ་བར་ཆུ་མིག་འབུམ་གྱིས་མཆོད།།

ཆུ་འདབས་ཉག་ཆུས་བསུ་མ་བྱེད།།

མི་ཉག་ལི་ཆུ་མཆོད་པའི་འཕགས།།

མི་འགྲོ་གསུང་བྱོན་མཆོད་ཡུལ་སྟེ།།

བཞག་བྲ་ཁྱོད་ཀྱི་བསྟན་སྲུང་ཡིན།།

དགོན་ཆེན་ནུབ་འགོ་དད་ཡུལ་སྟེ།།

གངས་དཀར་ཁྱོད་ཀྱི་སྲུང་མ་ཡིན།།


  • ལེ་ཚན་སྔོན་མ།:མིག་ལམ་དུ་འཆར་བའི་སྒེག་ལྡན་མ།
  • ལེ་ཚན་རྗེས་མ།:མཁའ་འགྲོར་ཕུལ་བའི་དབྱངས།