ནས་འབྲུ།

༼ ཧུན • དུར་རོ། ༽        2024-03-22

ཞིང་ཁ་དེར།

རླུང་བུ་བར་མེད་དུ་རྒྱུ།

ང་ལ་སེམས་ཁྲལ་ཞིག་བྱུང་།

ནས་འབྲུ་ས་ལ་ལྷུང་བའི་སེམས་ཁྲལ་ལྟ་བུ་ཡིན།

ཞིང་ཁ་དེར།

ཆར་ཀྱང་བར་མེད་དུ་འབབ།

སྔར་ལས་ལྷག་པའི་སེམས་ཁྲལ་ཞིག་བྱུང་།

ནས་འབྲུ་ཆུ་ལ་ལྷུང་བའི་སེམས་ཁྲལ་ལྟ་བུ་ཡིན།

ཞིང་ཁ་དེར།

ང་ལ་སེམས་ཁྲལ་ཡང་ཧ་ཅང་མང་།

ང་རང་ཞིང་པ་མིན་པའི་སེམས་ཁྲལ་ལྟ་བུ་ཡིན།

  • ལེ་ཚན་སྔོན་མ།:བདེན་པའི་མི་ཚེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།