ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ལ་སྒོ་གྲོང་ཚོའི་ཏང་ཀྲི་པུས་གྲོང་ཚོ་དར་རྒྱས་ལ་རམ་འདེགས་བྱེད་པ། འཁྱགས་རོམ་ལ་བརྟེན་ནས“བདེ་སྐྱིད་ལམ་བུར”བསྐྱོད།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2024-03-21

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ལ་སྒོ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་ཡུལ་སྐོར་གྲོང་དར”གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། གཞི་རིམ་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཞིང་འབྲོག་པ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། ཐོན་ལས་འཕེལ་རྒྱས། མང་ཚོགས་འབབ་འཕར་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཁྱགས་རོམ་ལ་བརྟེན་ནས་བདེ་སྐྱིད་ལམ་བུར་བསྐྱོད་ཡོད།

“གང་དུ་ཡུལ་སྐོར་འཕེལ་རྒྱས་བཏང་ན་ཏང་རྩ་འཛུགས་དེ་གར་ཁྱབ་པའི”རྩ་དོན་གཞིར་བཟུང་། ལ་སྒོ་གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་དེ་བོད་ལྗོངས་གསང་མདའ་གེ་སར་གྲོང་གསེབ་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། “ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི”ཁྱད་ལྡན་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་པ་རེད། ཏང་ཡོན་ཡོངས་ཀྱིས་ཏང་ཡོན་གྱི་རྟགས་མ་དང་། “གསར་བརྗེའི་ཁྱིམ་གཞིས་ཀྱི་སྲུང་དམག”གི་སྟོད་གོས། “འཁྱགས་རོམ་སྲུང་དམག”གི་སྟོད་ཐུང་ཕུ་མེད་བཅས་གྱོན་ནས་རིག་གནས་ཡུལ་སྐོར་ལ་ཞབས་འདེགས་ཞུ་བའི་ལས་ཀར་ཞུགས་པ་དང་། ཞིང་ལས་ཁྱད་ལྡན་ཐོན་ཟོག་ཚབ་ཚོང་ས་ཚིགས་2དང་གནས་སྐབས་ཁྱད་ལྡན་ཐོན་ཟོག་འཚོང་ས་དང་དང་ལེན་ཞབས་ཞུའི་ས་ཚིགས་5བཀོད་སྒྲིག་བྱས་པ་རེད། ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་འཇོན་ཐང་བཏོན་ནས་ལ་སྒོ་གྲོང་ཚོའི་ཡུལ་སྐོར་སྣེ་ལེན་དང་། ཕྱོགས་ཐོན་རོགས་སྐྱོབ། མཛེས་ལྗོངས་ངོ་སྤྲོད། ཁོར་ཡུག་བཅོས་སྒྲིག དམངས་ཕན་ཞབས་ཞུ་སོཌ་རིག་གནས་ཡུལ་སྐོར་གྱི་ཞབས་ཞུ་ཟམ་མི་ཆད་པར་ཚད་ལྡན་དུ་གཏོང་བར་ཁྲིད་སྟོན་བྱས་པས། ཡུལ་སྐོར་བའི་ཉམས་ལེན་བྱེད་ནུས་དང་བློ་ཡིད་ཚིམ་ནུས་ཆེ་རུ་ཕྱིན་ཡོད།

“ཀྲུང་གོའི་གྲོང་ཚོ་ཕྱུག་ཤོས་དང་མཛེས་ཤོས”དང“འཛམ་གླིང་གྲོང་གསེབ་ཡུལ་སྐོར་RLབུམ་པ(གྲོང་གསེབ་འོད་སྣང)”ཡི་མིང་གྲགས་ཆེ་བའི་སྤུས་རྟགས་རྣམ་གྲངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་དེ་ལ་སྒོ་གྲོང་ཚོའི་གསར་བརྗེའི་ལྟ་སྐོར་རྟ་དྲེལ་རུ་ཁག་བཙུགས་ཤིང་། དེར་ཁྱོན་བསྡོམས་རྟ་དྲེལ་200ལྷག་ཙམ་ཉོས་པ་དང་། མ་དངུལ་སྒོར་ཁྲི་60ལྷག་ཙམ་གྲབས་གསོག་བྱས་ཏེ་སྤྲོ་གསེང་རླངས་འཁོར་6ཉོས་ཡོད། ད་བར་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་70ལྷག་ཙམ་བྱུང་ནས་གྲོང་ཚོ་དེའི་མང་ཚོགས་ཡོངས་ཀྱི་ཡོང་འབབ་འཕར་བ་དང་ཕྱུག་པོར་གྱུར་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།

ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞིགས་ནས། ལ་སྒོ་གྲོང་ཚོའི་ཏང་ཀྲི་པུས་ལ་སྒོ་གྲོང་ཚོའི་སྤྱི་ཕན་འགྲུལ་ཁང་གཉེར་ནས་མང་ཚོགས་ལ་འགན་གཙང་སྤྲད་པས་ལོར་ཡོང་འབབ་སྒོར་ཁྲི་5ཙམ་ཡོང་གི་ཡོད། ཇ་ཁང་དང་། ཡུལ་སྐོར་བློ་འདྲི། སྣེ་ཤན་པ། ཡུལ་ཟོག་ཕྱིར་ཚོང་བཅས་ཚུད་པའི་ལ་སྒོ་གྲོང་ཚོའི་ཡུལ་སྐོར་སྣེ་ལེན་ཁང་བསྐྲུན་པར་ལོར་ཡོང་འབབ་སྒོར་ཁྲི་5ཙམ་བྱུང་བ་རེད། སྲོང་བཙན་ལ་སྒོ་ཕྱིར་སྡོད་རྣམ་གྲངས་་ཚོང་འགུགས་མ་འདྲེན་བྱས་པ་དང་། རྣམ་གྲངས་དེར་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་ས་གནས་དེ་གར་ལས་ཞུགས་ལས་གནས་12ཐག་གཅོད་ཐུབ་སྟེ། མི་རེར་ཆ་སྙོམས་ཡོང་འབབ་སྒོར་20000ཙམ་འཕར་བ་རེད།

དེ་དང་དུས་མཚུངས་ལ་སྒོ་གྲོང་ཚོའི་ཏང་ཀྲི་པུས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ལ་སྒོ་འཁྱགས་རོམ་དང་གདོང་དཀར་འཁྱགས་རོམ་ལ་སྲུང་སྐྱོང་བྱས་པ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། གྲོང་ཚོའི་ཏང་ཀྲི་པུས་ཏང་ཡོན་དང་དུད་སྦྲེལ་སྤྱི་མི་སྟོབས་ཤུགས་གཙོ་བོར་བྱས་ནས་སྐྱེ་ཁམས་ལས་གནས་ཀྱི་མི་སྣ་གང་ལེགས་སྤྱད་དེ། ཁོར་ཡུག་འཕྲོད་བསྟེན་ལ་གཙང་སྦྲ་དང་། རི་སྐོར་དང་མཚོ་སྐོར། ནགས་ཚལ་སྲུང་སྐྱོང་། འཁྱགས་རོམ་སྲུང་སྐྱོང་སོགས་ཀྱི་བྱེད་སྒོ་ཐེངས་20ལྷག་ཙམ་དུས་ངེས་མེད་དུ་སྤེལ་བ་དང་། རིམ་རྩིས་བྱས་ན་ལམ་ཐག་སྤྱི་ལེ་1200ལྷག་ཙམ་བསྐྱོད་པ་དང་རྒྱ་ཁྱོན་སྤྱི་ལེ་4000ལྷག་ཙམ་ཟིན་གྱི་ཡོད། ལ་སྒོ་འཁྱགས་རོམ་དང་གདོང་དཀར་འཁྱགས་རོམ་དུ་ལྕགས་དྲ་སྨི་3600ལྷག་ཙམ་བསྐོར་བ་དང་ཉེན་བརྡའི་དྲན་སྐུལ་བྱང་བུ་30ལྷག་ཙམ་བཀལ་ནས་འཁྱགས་རོམ་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྲུང་སྐྱོང་དང་ར་འོག་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཡོད།


  • ལེ་ཚན་སྔོན་མ།:གནས་ཕུ་བྲག་ཕུག་ཏུ་རི་མོ་འདི་འདྲ་ཞིག་རྙེད་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།