ཁ་བ་འབབ་ཐེངས་འདི་ལ།

ལྡོང་འཇིགས་སྲས།        2023-12-15

ཁ་བ་འབབ་ཐེངས་འདི་ལ།

ངས་རྒྱང་རིང་གི་ཕ་མ་དང་གཉེན་མི་ཧ་ཅང་དྲན།

ཞེན་ཆགས་ཀྱི་མཚོ་ཁར་འཁྱིལ་བའི་

བདག་སེམས་ཀྱི་མ་ཡུམ་ལྷག་ཏུ་དྲན།

ཁ་བ་འབབ་ཐེངས་འདི་ལ།

རི་བོ་དང་ནགས་ཚལ་མཐའ་དག།

གོས་དཀར་གྱི་ལྭ་བས་བཏུམས་ཤིང་།

འཇོ་སྒེག་གི་ངོ་གདོང་གཞན་ཞིག་ངོམ།

ཁ་བ་འབབ་ཐེངས་འདི་ལ།

ང་གཅིག་པུ་མཚན་མོའི་ཁ་གཏད་དུ་འགྲེང་།

ངས་ཉེ་གམ་ན་ཡོད་པའི་མི་འདི་དག།

རྨི་ལམ་གྱི་ཞིང་ལ་ཆས།

ཁ་བ་འབབ་ཐེངས་འདི་ལ།

ང་རྒྱལ་གྱི་གངས་རི་དཀར་པོ།

ཆ་ཤས་དང་དབྱེ་བ་མེད་པར།

མཐུག་པོར་ཆགས་བཞིན་པའི་ཁ་བ་འདིས་ཡོངས་

སུ་གཡོགས།



  • ལེ་ཚན་སྔོན་མ།:དྲན་པའི་ཆུ་མིག་རི་མོ།
  • ལེ་ཚན་རྗེས་མ།:སྲིད་པའི་ཁྲོད་དུ་སྨྲེང་བའི་མགུར།