འཆི་བ། ད་དུང་འཚོ་བ།

སད་མི།        2021-08-20

ཡང་ཡང་སྐྱེས་ཤིང་།

ཡང་ཡང་འཆི་བའི་ངང་ཚུལ་འདི་ལ་འཚོ་བ་ཟེར་ཡང་།

རྔུལ་ཆུ་དང་དཀའ་སྡུག་ལས་བྱུང་བའི་ལོ་རྒྱུས་དེ་དག།

ཚེ་རབས་དུ་མར་བསགས་པའི་བསོད་ནམས་ཀྱི་

ཟེགས་མ་དེ་ཡིན་ཨང་།

ཙག་རླུང་གིས་ཡང་ཡང་བསྡམས་ཤིང་།

སླར་ཡང་ཚ་གདུང་གིས་ཡང་ཡང་མནར་བའི་འཇིག་རྟེན་འདིར།

ང་ཚོ་ནི་གང་ལའང་མོས་པ་བྲལ་བའི་རི་དྭགས་ཏེ།

འཇིག་རྟེན་གྱི་གཉུག་མའི་མཛེས་པ་ནམ་ཡང་ཚོར་མི་ཐུབ།

ཧམ་སེམས་ཀྱི་རི་རབ་བརྩེགས་ཤིང་།

འདོད་རྔམ་གྱི་ནགས་ཚལ་བསྐྱེད་པའི་འགྲོ་བ་མི་ཨང་།

ཉི་ནུབ་དང་འགྲོགས་ཏེ་དུར་ཁྲོད་ཀྱི་མཁར་རྫོང་བཞེངས་ཤིང་།

ས་སྲོད་དང་བསྡེབས་ཏེ་སང་ཉིན་གྱི་མི་ཚེ་སེམས་ཁོང་ལས་དྲག་ཏུ་འཕྱུར།



  • ལེ་ཚན་སྔོན་མ།:ང་ཁེར་རྐྱང་ལ་མི་སྐྲག
  • ལེ་ཚན་རྗེས་མ།:དབྱངས་ཅན་མའི་བསྟོད་པ་ངག་རིག་མེ་ཏོག་དོ་ཤལ།