ཚེ་ཕྱེད།

དུ་སྤྲིན།        2021-08-16

མཚན་མོ་རེ་རེ་ལ་ཁེར་རྐྱང་དུ་ཙོག་ནས།

ལྷིང་འཇགས་ཟས་སུ་ཟོས།

དུས་ཚོད་ཀྱི་སྐྲ་རྩེ་ནས་འཇུས་ཏེ།

སེམས་པ་འདི་མུ་མཐའ་མེད་པ་ཞིག་ཏུ་བཏང་།

མུ་མཐའ་མེད་པ་ནི་ཇི་ལྟར་དཔོག་དཀའ་བ་བཞིན།

སེམས་ཀྱི་མེ་ལོང་དུ་འཆར་བའང་མུ་མཐའ་མེད་པ་རེད།

ཟླ་བ་སྔར་བཞིན་ཕྱིར་ཕ་ཡུལ་དུ་ལོག།

ཁེར་རྐྱང་གི་དུས་ཚོད་ཁུར་ནས་ཕྱིར་ཕ་ཡུལ་དུ་ལོག།

དྲན་གསོ་ཁང་གི་གཞས་དེ་སྐྱོ་སྣང་དུ་ལྷུང་།

ངས་ཐ་སྙད་མང་པོ་མགོ་འཇོག་སའི་རས་ཁུག་ཏུ་བླུགས་ནས།

ཆ་ཡོད་ཀྱི་རྨི་ལམ་འགའ་གྲ་སྒྲིག་བྱས།

མཚམས་མཚམས་སུ།

མིང་ལ་མུན་པ་འབོད་པའི་འཇིག་རྟེན་ཕྱེད་ཀ་ཞིག།

ལྟེབ་ཆགས་བརྒྱབ་སྟེ་ཕར་ལ་བསྐྱལ།

ནམ་མཁའ་སྔར་བཞིན་ནམ་མཁའ་ཡིན་ན།

ང་རང་སྔར་བཞིན་ང་རང་མ་རེད།


  • ལེ་ཚན་སྔོན་མ།:ཕྱིར་དྲན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།