ཞའོ་ཡིའུ་ཚའེ་ཡིས་རིག་སྟོབས་ནུས་པའི་ཡུལ་སྐོར་འཛུགས་སྐྱོང་ལ་ཆེད་དོན་ཞིབ་འཇུག་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-08-16

སྤྱི་ཟླ8པའི་ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་ནས་ཆེད་དོན་ཚོགས་འདུ་འཚོགས་ཤིང་། རིག་སྟོབས་ནུས་པའི་ཡུལ་སྐོར་འཛུགས་སྐྱོང་ལ་ཞིབ་འཇུག་བྱས་ཏེ་ དཀར་མཛེས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རིག་སྟོབས་ནུས་པའི་ཡུལ་སྐོར་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་བྱས་པ་དང་། ས་ཁོངས་ཡོངས་སུ་ཡུལ་སྐོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡན་ལུའེ་ཚོགས་འདུའི་ནང་ཞུགས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་རིག་སྟོབས་ནུས་པ་དོ་དམ་ཏན་ཏིག་བྱས་ཏེ་ཁུལ་དང་རྫོང﹙གྲོང་ཁྱེར﹚རིམ་པ་གཉིས་ཀྱི་རིག་སྟོབས་ནུས་པའི་ཡུལ་སྐོར་གྲངས་གཞི་ཆེན་མོའི་བཀོད་འདོམས་ལྟེ་གནས་ཡག་པོ་བཙུགས་ནས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་མཛེས་ལྗོངས་ཁུལ། ཡུལ་སྐོར་ལས་དོན་ཁང་། མགྲོན་ཁང་སོགས་འབྲེལ་ཡོད་ཐོན་ལས་ཀྱི་གྲངས་གཞི་འབྲེལ་མཐུད་བྱས་ནས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གྲངས་གཞི་ཕན་ཚུན་སྦྲེལ་མཐུད་དང་། ཐོན་ཁུངས་མཉམ་སྤྱོད། རིག་སྟོབས་ནུས་པ་བཀོལ་སྤྱོད་བཅས་ཐུབ་པ་བྱས་ཏེ། ཡུལ་སྐོར་ལས་རིགས་རིག་སྟོབས་ནུས་པ་ཅན་གྱི་དོ་དམ་དང་ཡུལ་སྐོར་ཐོན་རྫས་དྲ་བ་ཅན་གྱི་གཉེར་འཚོང་། ཡུལ་སྐོར་ཐོན་ལས་འབྲེལ་སྦྲེལ་ཐག་ཅན་གྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏང་དགོས་པ་དང་། རིག་སྟོབས་ནུས་པའི་ཞབས་ཞུ་ཡག་པོ་བསྒྲུབས་ནས་སྤྱོད་གོ་ཆོད་པའི་ཞབས་ཞུའི་དོ་དམ་ཚད་ལྡན་གྱི་བརྒྱུད་རིམ་བཟོས་ཏེ།ནུས་ཤུགས་ཡོད་རྒུས་དྲྭ་ཐོག་མཉམ་འདྲེས་འཕེལ་རྒྱས་བཏང་ནས་ཡུལ་སྐོར་བར་ཁྱོན་ཡོངས་དང་སྤུས་ཚད་མཐོ་བའི་ཡུལ་སྐོར་ཞབས་ཞུ་མཁོ་འདོན་བྱས་ནས་ཡུལ་སྐོར་བ་རང་ཁྱིམ་དུ་སླེབས་པ་ལྟ་བུའི་དྲོ་སྐྱིད་ལྡན་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།



  • ལེ་ཚན་སྔོན་མ།:ཡར་ངོའི་ཟླ་ལྟར་འཕེལ་བའི་ཁམས་བྱང་གི་ལྟེ་གནས་དཀར་མཛེས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ནས་བརྟན་ཞིང་ལེགས་སུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།