ཏེང་ཡུང་གིས་རང་ཁུལ་དུ་སྒྲོག་འགྲེལ་དང་ལྟ་སྐུལ་ཁྲིད་སྟོན་གནང་།

ཐུབ་ཀྱིས་བསྒྱུར།        2021-08-17

    ཞིང་ཆེན་ཏང་ཨུས་གཅིག་གྱུར་གྱིས་བཀོད་སྒྲིག་གནང་བ་ལྟར། ཚེས13ཉིན་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཡུང་གིས་རང་ཁུལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་ཆབས་ཅིག། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གདིང་ཟབ་པོར་བྱས་ཏེ་བྱང་ཆུབ་པར་ཡོང་བར་ཤུགས་རྒྱག་དགོས་པ་དང་། སློབ་སྦྱོང་གི་ཕན་འབྲས་དེ་རྒྱང་སྐྱོད་འགྲོ་ལམ་གསར་པར་བགྲོད་མགོ་ཚུགས་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ལེའུ་གསར་པ་བྲི་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

   ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་སྒྲོག་འགྲེལ་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་འབྲེལ་ཡོད་ལས་དོན་སྙན་སེང་ཞུས་པ་རེད།

   སྒྲོག་འགྲེལ་གྲོས་ཚོགས་ཐོག་ཏུ། ཏེང་ཡུང་གིས་རང་ཁུལ་གྱི་ད་ལོ་ནས་བཟུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་ཞིང་། དགོངས་དོན་གྱི་སྙིང་བཅུད་ལེན་པ་དང་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་ཞིང་། གསར་བརྗེའི་ཁྲག་རྒྱུད་བསྐྱངས་ཏེ། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་རྒྱས་སྐས་རིམ་གསར་པའི་ཐོག་བསླེབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་པ་རེད།

   ཏེང་ཡུང་གིས་དཀར་མཛེས་ཁུལ་གྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་། དེ་བཞིན་རྒྱ་ཆེ་བའི་ཏང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སྦྱངས་ནས་བྱང་ཆུབ་པར་བྱ་དགོས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་འབྲེལ་བ་དམ་ཟབ་བྱས་ཏེ། འགན་འཁྲི་ཁུར་ཕོད་པའི་ཐོག་འཇོན་ནུས་འདོན་པ་དང་གསར་སྐྲུན་དངོས་སྒྲུབ་ཀྱིས་མཐུན་སྒྲིལ་དང་འབྱོར་ཕྱུག། མཛེས་སྡུག། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས། སི་ཁྲོན་ནུབ་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་དཔྱད་དཔོག་ལ་རྐང་ཚུགས་ཤིང་། གསར་སྐྲུན་གྱི་སྒུལ་ཤུགས་ལ་བརྟེན་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་ཤུགས་ཆེན་བྱེད་པ་དང་། དེང་རབས་ཐོན་ལས་ཀྱི་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་ཞིང་། འབྱུང་འཕྲོད་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་པར་བློ་རྩ་བརྟན་པོའི་སྒོ་ནས་ཡག་པོ་བསྐྱོད་དགོས། དུས་རབས་གསར་པའི་བོད་འབྲེལ་ལས་དོན་ཀྱི་ཁ་ཕྱོགས་ཡང་དག་པ་སྟངས་འཛིན་དམ་པོར་བྱ་དགོས་ཤིང་། བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་པ་རྒྱུན་འཁྱོངས་དང་། གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་ཞིང་། ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་དཀར་མཛེས་ཁུལ་དང་ཁྲིམས་སྐྱོང་དཀར་མཛེས་ཁུལ་བསྐྲུན་ནས་བརྟན་བརླིང་རྒྱུན་མཐུད་ཡོང་བའི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏང་དགོས། རིམས་ཚུལ་འགོག་ཟོན་དང་གནོད་ཟོན་གནོད་སྐྱོབ། ཐོན་སྐྱེད་ཉེན་མེད་བཅས་ཀྱི་ལས་དོན་ཁག་ཡག་པོར་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

   ཧྲེན་དབྱང་གིས་དཀར་མཛེས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏིག་བྱས་ཏེ། དོན་སྙིང་གལ་ཆེན་དང་ནང་དོན་ཕུན་སུམ་ཚོགས་པ། དགོངས་པའི་བཅུད། ལག་ལེན་གྱི་བླང་བྱ་བཅས་ལ་ཤེས་རྟོགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ཐོག་ལ་གཅིག་གྱུར་ཧུར་ཐག་བྱེད་ཅིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བྱས་ནས་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་གསར་པའི་འགྲོ་ལམ་དུ་འཇོན་ནུས་གསར་པ་འདོན་པ་དང་ལེའུ་གསར་པ་བྲི་རྒྱུ་ཡིན་ཞེས་གསུངས་པ་རེད།།

   དར་མདོར་ཡོད་པའི་ཁུལ་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་འགན་ཁུར་བློ་མཐུན་སྒྲོག་འགྲེལ་གྲོས་ཚོགས་སུ་ཞུགས་ཡོད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་མཚོ་འཕགས་ཆེས་མཐོ་བའི་ཁ་ལོ་བའི་སློབ་གྲྭས་ཞིང་འབྲོག་མང་ཚོགས་ཀྱི་རླངས་འཁོར་བསྐོར་བའི་ཕུགས་འདུན་མངོན་འགྱུར་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།
  • དོ་སྣང་ཆེ་བའི་རྩོམ།